e-texts navigator
Collection
Volume
Page
Wylie

94a1 ཤོག། བདག་ནི་ལྷ་མིན་གནས་སོང་ན།། ངན་སེམས་རང་ཉིད་དུལ་བར་ཤོག། བདག་ནི་དུད་འགྲོའི་གནས་སོང་ན།། རང་ཉིད་ཤེས་རབ་ཆེ་ཐོབ་ཤོག། དེ་སྐད་དུ་སྨོན་ལམ
94a2 བཏབ་ནས། སེམས་རྩེ་གཅིག་ཏུ་བདག་གི་མིང་ནས་འདོན་ཅིང་རྗེས་སུ་དྲན་པར་བགྱིའོ།། གཞན་ཡང་བདག་གི་སྟོན་པ་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་མཚན་འདོན་ཅིང་། དེ་ནས་གཟུངས་ལན
94a3 གཅིག་ག་མ་ལན་བདུན་གྱི་བར་དུ་བཏོན་ན། བསྐལ་པ་འབུམ་ཕྲག་བརྒྱ་སྟོང་ཇི་སྙེད་འཁོར་བར་འགྱུར་བའི་ཁ་ན་མ་ཐོ་བའི་ལྕི་བ་རྣམས་བསལ་ཞིང་འབྱང་བར་འགྱུར་ལགས་སོ།། གལ་ཏེ་ཐུགས་རྗེ་ཆེན་པོ
94a4 འདི་འདོན་ཅིང་འཆང་ན། འཆི་བའི་དུས་ཀྱི་ཚེ་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དེར་གཤེགས་ནས། ཕྱག་རྐྱོང་བར་འགྱུར་བས་བསམས་པ་བཞིན་སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བར་འདོད
94a5 པ་དེ་དང་དེར་སྐྱེ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ལ་ཡང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་གང་ལ་ལ་ཞིག་ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན
94a6 པ་དག། གལ་ཏེ་ངན་སོང་གསུམ་པོ་དག་ཏུ་ལྷུང་བར་གྱུར་ན། བདག་ནམ་ཡང་མངོན་པར་རྫོགས་པར་སངས་རྒྱས་པར་མི་བགྱིའོ།། ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག
94a7 གལ་ཏེ་ཏིང་ངེ་འཛིན་དང་སྤོབས་པ་ཚད་མེད་པ་ཇི་སྙེད་ཐོབ་པར་མ་གྱུར་ན། བདག་ནམ་ཡང་མངོན་པར་རྫོགས་པར་སངས་རྒྱས་པར་མི་བགྱིའོ།། ཐུགས་རྗེ་ཆེན་པོའི་རིག་སྔགས་འདི་འདོན་ཅིང་ཡོངས་སུ




iiif viewer powered by OpenSeadragon

93b - 94b

Texts on this page

Ty071-028 - 'phags pa spyan ras gzigs dbang phyug thugs rje chen po'i gzungs phan yon mdor bsdus pa zhes bya ba