e-texts navigator
Collection
Volume
Page
Wylie

93a1 ཕན་མོན་མདོར་བསྡུས་པ་ཞེས་བྱ་བ། འབགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ
93a2 ལྡན་འདས་རི་བོ་བོ་ཊ་ལ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན། བྱང་ཆུབ་སེམས་དཔའ་གྲངས་མེད་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ནས། དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང
93a3 ཕྱུག་སྟན་ལས་ལངས་ནས་ཐལ་མོ་སྦྱར་ཞིང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ང་ལ་འདི་ལྟ་བུའི་གཟུངས་ཡོད། མིང་ནི་ཐུགས་རྗེ་ཆེན་པོ་ཞེས་ཟེར། སེམས་ཅན་ཀུན་གྱིས་མི
93a4 དགེ་བའི་སྡིག་པ་ཤིན་ཏུ་ལྕི་བའི་སྒྲིབ་པ། བདུད་དང་འཇིགས་པ་ཐམས་ཅད་ཞི་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་ཚིམ་པར་བྱེད་པའི་ཕྱིར་ངས་བཤད་དོ།། བཅོམ་ལྡན་འདས་ལ་བཤད་པའི་གནང་།
93a5 བཞུས་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རིགས་ཀྱི་བུ་ཁྱོད་ཀྱིས་ཐུགས་རྗེ་ཆེན་པོའི་སྒོ་ནས་གཟུངས་བཤད་པར་འདོད་པའི་དུས་ལ་བབ་བོ།། མྱུར་བར་བཤད་དུ་གསོལ། ང་དང་སངས་རྒྱས་ཐམས
93a6 ཅད་ཀྱིས་ཀྱང་རྗེས་སུ་ཡི་རང་ངོ་།། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་དགེ་སློང་ངམ། དགེ་སློང་མའམ།
93a7 དགེ་བསྙེན་ནམ། དགེ་བསྙེན་མའམ། ཁྱེའུ་འམ། བུ་མོས་འདོན་པ་དང་འཆང་བར་འདོད་པས། སེམས་ཅན་རྣམས་ཀྱི་ཆེད་དུ་ཐུགས་རྗེ་ཆེན་པོའི་སྒོ་ནས་ཐོག་མར་འདི་ས་བུའི་སེམས་བསྐྱེད་པར་བྱའོ།




iiif viewer powered by OpenSeadragon

92b - 93b

Texts on this page

Ty071-028 - 'phags pa spyan ras gzigs dbang phyug thugs rje chen po'i gzungs phan yon mdor bsdus pa zhes bya ba