| | e-texts navigator
|
92a1 རས་གཟིགས་དབང་ཕྱུག་གིས་གཞན་ཡང་གཟུངས་འདི་འདོན་ཅིང་ཡོངས་སུ་འཛིན་པ་དག་གི་ཆེང་དུ་གནོད་པ་དང་བགེགས་ཡོངས་སུ་བསལ་བའི་ཕྱིར། ཤིན་ཏུ་བསིལ་བའི་ཚིགས་སུ་བཅང
92a2 པ་འདི་དག་སྨྲས་སོ།། གང་ཞིག་རི་དང་འབྲོག་དགོན་སོང་བ་ན།། སྡུག་དང་སྦྲང་གི་གཅན་གཟན་གཏུམ་པོ་དང་།། རྩངས་བསྦྲུལ་དང་འདྲེ་སྲིན་ཕྲད་གྱུར་ཀྱང་།། གཟུངས་འདི་འདོན་པ་ཐོས་ན་གནོད་མི
92a3 རུས།། གང་ཞིག་ཆུ་བོ་རྒྱ་མཚོར་ཞུགས་པ་ལས།། གདུག་པའི་ཀླུ་དང་ཆུ་སྲིན་མ་རུངས་དང་། གནོད་སྦྱིན་སྲིན་པོ་ཉ་དང་རུས་སྦལ་དག་གཟུངས་འདི་ཐོས་ནས་སོ་སོར་འབྱེར་བར་འགྱུར།
92a4 གང་ཞིག་གཡུལ་སྤྱོད་དགྲ་ཡིས་བསྐོར་བ་འམ།། ཆོམ་རྐུན་མ་རུངས་ནོར་ནི་འཕྲོག་པའི་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། དེ་དག་བརྩེ་སེམས་བསྐྱེད་ནས་ལྡོག་པར་འགྱུར།།
92a5 གང་ཞིག་རྒྱལ་པོའོ་གྱོད་ལ་ཐོགས་པ་དང་།། ལྕགས་སྒྲོག་ཁོང་སྒྲིལ་བཙོན་རར་ཆུང་པའི་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། རྒྱལ་པོས་བརྩེ་སེམས་ཀྱིས་ནི་གཏོང་བར
92a6 འགྱུར།། གང་ཞིག་བྱང་སྟེམས་དྲུག་མའི་ཁྱིམ་ཞུགས་ཏེ།། ཟས་སྐོམ་དྲུག་ཅན་གྱིས་ནི་བསོད་པའི་ཚེ།། རྩེ་གཅིག་ཐུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། དུག་ཉིད་ཟིལ་མནན་ཟས་སྐོམ
92a7 ཉིད་དུ་འགྱུར།། བུང་མོང་སྣུམ་མ་བུ་ནི་བཅའ་བའི་མ།། བདུད་ཀྱིས་བགེགས་བྱས་སྡུག་བསྔལ་མི་བཟོད་དེ། རྩེ་གཅིག་ཟུགས་རྗེ་ཆེན་པོའི་གཟུངས་བཟླས་ན།། འདྲེག་དོན་བྱེར་རས
iiif viewer powered by OpenSeadragon
91b - 92b