| | e-texts navigator
|
87b1 རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་དང་གནོད་པ་ཕྱིར་རྒོལ་པ་ཐམས་ཅད་ཆུ་ཆད་པར་གྱུར་ཅིག། བཙུན་པ་སྤྱད་རས་གཟིགས་དབང་ཕྱུག་ཟམ།
87b2 རྗེ་ཆེན་པོ་དང་ལྡན་པ་ཕྱག་འཚལ་ལོ།། འཕགས་བཟུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་དང་། ཉོན་མོངས་པ
87b3 ཐམས་ཅད་དང་། མི་དགེ་བའི་ཆོས་དང་། བདུད་ཀྱི་ལས་སྐྱེས་པ་ཐམས་ཅད་བྱང་ཞིང་གྲོལ་བར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག
87b4 འཚལ་ལོ།། འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་རྟག་ཏུ
87b5 མཐོང་ཞིང་། སྨོན་ལམ་ཇི་སྐད་བཏབ་པ་ཐམས་ཅད་ཀྱང་མྱུར་དུ་གྲུབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ།། འཕགས་པ་ཐུགས
87b6 རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་འཕགས་པ་གང་དག་ཞལ་མངོན་སུམ་དུ་ལྟ་ཞིང་། དམ་པའི་མཆོག་གསོལ་བ་ཐམ།
87b7 ཅད་ཀྱང་དེ་བཞིན་དུ་གྲུབ་པར་གྱུར་ཅིག། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཟུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ།། འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན
iiif viewer powered by OpenSeadragon
87a - 88a