e-texts navigator
Collection
Volume
Page
Wylie

58a1 སྤགས་ཏེ་ཟོས་མནག་བདུན་ལོནན་ཉིན་གཙུག་ཀྱང་ན་ལོག་སྟོང་ལོབས་པར་འགྱུར་རོ།། ཡིད་ཆེས་པའི་རྟགས་ཡོད་དོ།། ནམ་ཀ་སློང་ལོབས་པའི་གཟུངས་རྫོགས་སོ།།
58a2 དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་ནས་ཐོགས་མེད་སྟོན་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ
58a3 འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། ཀ་བ་ཙ་ཀརྣ་ལ་ལ་ཏེ་སྭཱ་ཧཱ། ཚུ་ལ་ལན་བདུན་བཟླས་ཏེ་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། དེའི་ཆོ་ག་ལ་འཕགས
58a4 པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་བཞག་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་འཐུངས་ལ། དྲོ་ཁར་ཁ་ཟས་འོ་མ་དང་སྤགས་ཏེ་བཟའ་བ་དེ་ལྟ་བུར་ཞག་བདུན་གྱི་བར་དུ་བྱས་ན་ཉིན་གཅིག་ཀྱང
58a5 ཡི་གེ་ཤོ་ལོ་ཀ་སྟོང་ལོབས་པར་འགྱུར་རོ།། ཤོ་ལོ་ཀ་སྟོང་ལོབས་པའི་གཟུངས་རྫོགས་སོ།། ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བྱང
58a6 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཏདྱ་ཐཱ། སྨི་ཏི་མ་ཏི་མ་ཏི། ཏེ་ཛཱ་བི་དྱཱ། ཧཱུ་རུ་མེ་ཧ་ར་ཧུ་རུ་ཀྲྀཥྚ་ཧུ་རུ་མེ་སྭཱ་ཧཱ། ཤུ
58a7 དག་དཀར་པོ་ལ་སྔགས་འདི་བཟླས་བརྗོད་བྱས་ཏེ་ཟོས་ན་གདོན་མི་ཟ་བར་ཐོས་པ་འཛིན་པར་འགྱུར་རོ།། མི་བརྗེད་པའི་གཟུངས་རྫོགས་སོ།། །




iiif viewer powered by OpenSeadragon

57b - 58b

Texts on this page

Ty071-020 - sh+lo ka stong lobs pa'i gzungs
Ty071-024 - shes rab skyed pa zhes bya ba'i gzungs
Ty071-023 - shes rab skyed pa zhes bya ba'i gzungs
Ty071-022 - mi brjed pa'i gzungs
Ty071-021 - sh+lo ka stong lobs pa'i gzungs