| | e-texts navigator
|
55b1 དྷིཥྛི་ཏེ། སརྦ་མ་ཧོ་ར་ག་ཨ་དྷིཥྚི་ཏེ། སརྦ་ཀིན་ན་ར་ཨ་དྷིཥྛི་ཏེ། སརྦ་ཡཀྵ་རཱཀྵ་ས། ཨ་དྷིཥྚི་དྷེ་པྲ་སཱ་དྷ་བྷ་ཥི་ཏེ། ཨིནྡྲ་བྷ་ཥི་ཏེ། ཙ་ཏུར་མ་ཧཱ་རཱ་ཛཱ་བྷཱ་ཥི་ཏེ། ཙནྡྲ་སཱུརྱ་བྷཱ་ཥི་ཏེ། ཨོཾ་ཏི་རི་ཏི་རི།
55b2 ཙནྡནྡྲ་ཀཱ་རི་ཎི། ཀི་ལི་ཀི་ལི། སརྦ་ཤ་ཛྙཱ་བི་ན་ཤ་ནི་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བྱང
55b3 ཆུབ་སེམས་དཔའ་མི་འཇིགས་པ་སྦྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། མི་འཇིགས་པ་སྦྱིན་པ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། དེ་བཞིན་གཤེག
55b4 པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པ། གཞན་གྱིས་མི་ཐུབ་པའི་དབང་ཕྱུག་འོད་ཅེས་བྱ་བ་འཇིག་རྟེན
55b5 དུ་བྱུང་སྟེ། དེ་ལས་བདག་གིས་འདི་དག་ཐོས་སོ།། དེ་ལས་བཟུང་ནས་བྱང་ཆུབ་སེམས་དཔའ་རྣམས་དང་། སེམས་ཅན་ཐམས་ཅད་ལའང་བསྙད་དོ།། མི་འཇིགས་པ་སྦྱིན་པ་གཞན་གྱིས་མི་ཐུབ
55b6 པའི་སྙིང་པོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་པོ་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་།
55b7 ཤཱཀྱ་ཐུབ་པ་རྣམས་ཀྱིས་གསུངས་སོ།། གཞན་གྱིས་མི་ཐུབ་པའི་སྙིང་པོ་འདིནི་བདག་སྲུང་བ་དང་། གཞན་སྲུང་བ་དང་། གཉིས་ཀ་སྲུང་བ་དང་། གྲོང་དང་། གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོང།
iiif viewer powered by OpenSeadragon
55a - 56a