e-texts navigator
Collection
Volume
Page
Wylie

51b1 མང་ས། དག་པམ་ས། ངེས་པར་མཛ་ས། ན་འགྲུས་པ་དང། འཁོར་བ.ལམསམ་འདས་པ། དམཔ་ཚས་པ་རྒྱས་བཏུ་བང་སྒྲུ་། སྒྲོལ་མ་འངས་བྱུ་ནས།
51b2 གཉེར་ཅན་བཀའ་བཞིན་བགྱིད་པ་། རྒྱལ་བ་དང་ལྡན་པ། ཚུལ་དང་ལྡན་པ། དྲན་པ་དང་ལྡན་པ། མཐུ་རྩལ་ཆེ་བ། ཡོན་ཏན་དང་ལྡན་པ། བྱམས་པ་དང་ལྡན་པ། ཞི་བ་དང་ལྡན་པ། ནུལ
51b3 ཁྲིམས་དང་ལྡན་པ། སྐལ་བ་དང་ལྡན་པ། དོན་དང་ལྡན་པ། དོན་རྣམས་ཐུགས་སུ་ཆུད་པ། ཐེ་ཚོམ་རྣམས་གཅོད་པ། ཆོས་རྣམས་གསུང་བ། འཇིག་རྟེན་རྣམས་ཀྱི་སྟོན་པ། ཞལ་གྱི
51b4 དཀྱིལ་འཁོར་ཡོངས་སུ་རྒྱས་པ། སྐུ་རྐེད་པའི་ཕྱོགས་རིན་པོ་ཆེ་ཐམས་ཅད་ཀྱིས་སྤྲས་པ། གསེར་གྱི་མཆོད་སྡོང་ལྟ་བུ། སྐུ་ཉི་མ་སྟོང་པས་ལྷག་པར་མཛེས་པ། ཚངས་པའི་དབང་པོ་ལ་སོགས།
51b5 པས་ཕྱག་བགྱིས་པ་ལགས་སོ།། གང་ལ་ལ་ཞིག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་སྒྲུབ་པ་བྱེད་པ་དེའི་མཚམས་མེད་པ་ལྔའི་ལས་ཀྱི་སྒྲིབ་པ་རྣམ
51b6 པར་བྱང་བར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་རོ།། དེ་ལ་གསང་སྔགས་ཐམས་ཅད་གྲུབ་པར་འགྱུར་རོ།། བསྐོལ་པ་བྱེ་བ་འབུམ་ཕྲག་དུ་མར་ངན་འགྲོར་འགྲོ་བར་མི
51b7 འགྱུར་རོ།། མཚམས་མེད་པར་འཇུག་པར་མི་འགྱུར་རོ།། སུ་ཞིག་ནང་པར་ལངས་ནས་འདོན་ཏམ། ཀློག་གམ། ཁ་དོན་བྱེད་ན་དེའི་ལུས་ལ་མང་དང་། རྐང་ཤུ་དང་། ལུང་བ་དང་། མི་བདེ་བ




iiif viewer powered by OpenSeadragon

51a - 52a

Texts on this page

Ty071-013 - 'phags pa spyan ras gzigs dbang phyug gi mtshan brgya rtsa brgyad pa zhes bya ba