| | e-texts navigator
|
51a1 ། སེང་གེ་ལྟར་ཐོང་ག་ཕེལ་ག་ཆེ་བ། སྐུ་འཇམ་ཞིང་མཛེས་པ། གཟིགས་པ་དང་གཤེགས་སྟབས་ཀྱུ་མཆོག་གི་དབང་པོ་འདྲབ། མཁུར་བ་གཡས་སུ་འཁྱིལ་བ། དབུལ་།
51a2 ཆེ་ཞིང་ཟླ་བ་ཁམས་པ་འདྲལ་ཐིག་ལེ་མངའ་བ། ཕྱག་པུས་མོར་བསླེབས་པ། སྨིན་མ་པར་མ་ཆང་བ། ཤངས་མཐོ་བ། མགུར་བུམ་པའི་མགྲིན་པ་འདྲ་བ་ཕྱག་སོར་མོ་དང་ཚིགས་རིང་བ་ག་སེཾན
51a3 མོ་འཇམ་ཞིང་ཟངས་ཀྱི་མདོག་འདྲ་བ། ཕྱག་བར་དྲ་བས་འབྲེལ་བ། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོས་བརྒྱན་པ། སྟོན་ཀའི་པདྨ་འདྲ་བ། སྐུ་འཇམ་ཞིང་རྒྱས་པ། ཚངས་པ་ལྟར་དབྱངས་ཟབ
51a4 པ་ཡིད་དུ་མཆི་བ། སྡུག་པ། བལྟ་ན་སྡུག་པ། ཉམས་དགའ་བར་བགྱིད་པ། འོད་པདྨ་འདྲ་བ། པདྨ་ལས་འཁྲུངས་པ། པདྨ་ལས་བྱུང་བ། པདྨའི་གདན་ལ་བཞུགས་པ། ཕྱག་ན་པདྨ
51a5 མངའ་བ། ཕྱག་ན་རིལ་བ་སྤྱི་བླུགས་བསྣམས་པ། རི་དགས་ནག་པོའི་པགས་པ་མནབས་པ། ཕྱག་འཁར་བསྣམས་པ། བགྲང་བའི་ནོར་བུ་བསྣམས་པ། གཙང་བ་སྤངས་པ། གསོང་པོར
51a6 གསུང་བ། བདུད་རྩིའི་ཆར་འབེབས་པ། ཡིད་བཞིན་གྱི་ནོར་བུ་ལྟ་བུ། བལྟ་ན་སྡུག་པའི་ཤིང་འདྲ་བ། སེམས་ཅན་ཐམས་ཅད་མོས་པར་མཛད་པ། དགའ་བར་མཛད་པ། སེམས་ཅན་ཐམས
51a7 ཅང་བར་འཚོ་བ་སངས་རྒྱས་ཀྱི་སྤྲུལ་པ། བདེ་བར་གཤེགས་པའི་སྔ་མངའ་བ། བདེ་བར་གཤེགས་པའི་རིང་བསྲེལ་འཛིན་པ། སྤུ་རེ་རེ་སྐྱེས་པ། སེམས་ཅན་གྱི་སྙིང་པོ། བསོད་ནམས
iiif viewer powered by OpenSeadragon
50b - 51b