e-texts navigator
Collection
Volume
Page
Wylie

48a1 ལ་བསྟོད་པ། ཀྱཻ་བཅོམ་ལྡན་འདས། བྱ་བ་བྱས་ཤིང་བྱེད་ལ་མཁས།། ཁུར་བོར་བདག་དོན་རྗེས་སུ་བརྙེས།། སྲིད་པ་སྦྱོར་བ་ཡོངས་སུ་ཟད།། ཡང་དག་དཀའ་ལ་རྣམ།
48a2 གྲོལ་སེམས།། ཤེས་རབ་ཤིན་ཏུ་རྣམ་པར་གྲོལ།། ཀླུ་ཆེན་པོ་ནི་ཅང་ཤེས་པོ།། སེམས་ལ་དབང་སྒྱུར་ཐམས་ཅད་ཀྱིས།། མཆོག་ཏུ་ཕ་རོལ་ཕྱིན་པ་ཐོབ།། ཡེ་ཤེས་ཚོགས་ནི་ཡོངས་སུ་རྫོགས།། །
48a3 སྲིད་པའི་དགོན་པ་རབ་ཏུ་བརྒལ།། གཞན་ལ་ཕན་པ་མཛད་ལ་བརྩོན།། ཐུགས་རྗེ་དང་ནི་འབྲེལ་བའི་ཐུགས།། སྐྱེ་དགུ་ཀུན་ལ་མཆོག་ཏུ་བྱམས།། བདེ་བར་བརྩོན་པ་བྱམས་ལས་བྱུང་།། མཐའ
48a4 ཡས་སེམས་ཅན་གྲོལ་ལ་མཁས།། བདེ་བར་གཤེགས་པ་ཉིད་ལས་སྐྱེས།། བདེ་བར་གཤེགས་པ་ཉིད་ཀྱི་བཀལ།། ཁམས་གསུམ་ཀུན་གྱི་གཉེན་གཅིག་པུ།། འདོད་ཆགས་ཞེ་སྡང་གཏི
48a5 མུག་མེད།། དྲི་མ་གསུམ་ནི་རབ་ཏུ་སྤངས།། རིག་པ་གསུམ་གྱི་ཕ་རོལ་ཕྱིན།། མངོན་པར་ཤེས་པ་དྲུག་ཀྱང་བརྙེས།། ནྱ་གྲོ་དྷ་ནི་ལྟ་བུར་ཟླུམ།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།། སུམ
48a6 ཅུ་རྩ་གཉིས་དག་དང་ལྡན།། དཔེ་བྱད་བཟང་པོ་བརྒྱད་ནུས་ཀྱང་།། སྐུ་ནི་རྣམ་པ་ཀུན་ཏུ་བརྒྱན།། སྐུ་མདོག་གསེར་གྱི་ཁ་དོག་འདྲ།། སྐུ་ཚད་ཚིལ་དཀར་ཤམ་པོ།། ནཱག་གེ་སར་གཞོན་དུ་སྦྱར།
48a7 རླུང་ཟ་དང་མར་བ་འདྲ་བའི་མདོག། དབུ་ཡི་ཐོར་ཙུགས་ངག་དང་ལྡན། ཟོར་ཙུགས་མང་པོས་ཉེ་བར་གཡོགས།། དབུལ་འོང་དཔག་མེད་པོ་བཞུགས།། འོད་ཟེར་ངག་ནི་རྣམ་པར་འཕྲོ།། འོད་འགྲོ




iiif viewer powered by OpenSeadragon

47b - 48b

Texts on this page

Ty071-012 - 'phags pa spyan ras gzigs dbang phyug gi mtshan brgya rtsa brgyad pa