| | e-texts navigator
|
22b1 སྨྲ་ས་།
22b2 མ་ནི་པར་གདགས་པར་བྱ།། ཅན་ངནམ་ཅི་བུ་མ་དང་།། སཱམྦྷལ་ནག་པོ་བམིགས་པའི་བྱ།། བ་མ་འོམས་ལེན་\ུ0f7f།། གནས་གསུམ་དག་ཏུ་ཐུགས་པས་ནི།། གདོན་དང་དང་ཀྱིས་ལག
22b3 ལས།། ཐུགས་པས་དོན་སྲུང་བར་འགྱུར།། སྲུང་བའི་འཁོར་ལོའི་ལེའུ་སྟེ་དག་པའོ།། སེར་པ་ཡོངས་སུ་སྤྱང་ང་ནི།། སེང་ལྡེང་ལྗང་ཏིའི་ཐུར་བུལ།། གཟུངས་སྙག་ས
22b4 བཟླས་པ་དབུས་སུ་ནི།། ཧཱུཾ་ལས་བྱུང་བའི་སྐུ་བསྐྱེད་དོ།། ཕྱོགས་བཞིར་ཁྲོ་བོ་ཆེན་པོན།། ཤར་དུ་ཁམས་གསུམ་རྣམ་རྒྱལ་ནི།། སྐུ་མདོག་དཀར་པོ་མེ་དཔུང་འབར།། རྡོ་རྗེ་འཁོར་ལོ་སྔགས་མཛུབ
22b5 མཛད།། ཨོཾ་པྲཛྙཱནྟ་ཀྲིཏ་ཧ་ན་ཧ་ན་ཧཱུཾ་ཕཊ། ལྷོ་རུ་གཤིན་རྗེ་གཤེད་པོ་ནི།། དམར་པོ་ལག་ན་བེ་ཅོན་འཛིན།། ཨོཾ་ཡ་མཱནྟ་ཀྲིཏ་ཏིཥྛ་ཏིཥྛ་ཧཱུཾ་ཕཊ། ནུབ་ཏུ་རྟ་མགྲིན་དམར་པོ་ནི།། མེ་དཔུང་རྡོ་རྗེ་དབྱུག་པ
22b6 འཛིན།། ཨོཾ་ཧ་ཡ་གྲཱི་བ་ཧུ་ལུ་ཧཱུ་ལུ་ཧཱུཾ་ཕཊ། བྱང་དུ་ཁྲོ་གཉེར་ཅན་སྐུ་ནི།། ལྗང་སྔོན་རལ་གྲི་འཛིན་པ་སྟེ།། ཨོཾ་ཨ་མོ་གྷུ་ཀ་བྷཱི་ཀུ་ཏི་བན་དྷ་བན་དྷ་ཧཱུཾ་ཕཊ། ཕྱོགས་བཞིར་ཕུར་བུ་དག་ལ་ནི།། བདུན་ནམ་ཏི
22b7 ཤུ་རྩ་གཅིག་བཟླས།། གཅན་གཟན་དྲི་མ་ཡུངས་ཀར་བསྲེས།། གསང་སྔགས་བཟླས་ཤིང་མཁའ་ལ་གཏོར།། ཨོཾ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན་ཧཱུཾ་ཕཊ། སེར་བ།
iiif viewer powered by OpenSeadragon
22a - 23a