| | e-texts navigator
|
104b1 གྲུ་བཞིར་འདུག་ཅིང་སྒོ་བཞི་ཀ་བ་བརྒྱད་དང་ལྡན་པ་དྲ་བ་དྲ་བ་ཕྱེད་པ་དང་། རིན་པོ་ཆེའི་ཆུན་འཕྱང་དང་། ཏཱ་ར་ཎ་ལ་སོགས་པས་མཛེས་པའོ།། དེ་ལྟར་དཀྱིལ་འཁོར་ཁང་པ་དེ་འདྲ་བ་དེ་སྐྱེད་དེ། དབུས་ཀྱི།
104b2 ཟེ་འབྲུ་ལ་ནི་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལྗང་ཁུ་ལས་བྱུང་བའི་ཨུཏྤལ་ཏཾ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་།
104b3 འཇའ་མཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མའི་སྐུ་ལྗང་ཁུ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཀྱི་མཆོག་སྦྱིན། གཡོན
104b4 སྡོང་བུ་དང་བཅས་པའི་ཨུཏྤལ་འཛིན་པ། མཛེས་པའི་སྐུ། རིན་པོ་ཆེའི་དོ་ཤལ་དང་། རྣ་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་མ་ལང་ཚོ་ལ་བབ་པ། ཞལ
104b5 འཛུམ་བག་དང་བཅས་པ། མཉམ་པའི་སྐྱིལ་མོ་ཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ཤར་དུ་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལས་བསྐྱེད་པའི་ཨུཏྤ་ལ་མཐིང་ཁ་ས་བོན་དང་བཅས་པ་ལས
104b6 འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། འཇའ་ཚོན་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། གཟུགས
104b7 བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུཏྤ་ལ་ལས་བྱུང་བའི་སྒྲོལ་མ་མཐིང་ཁ་ཕྱག་གཉིས་པ། གཡས་ཀྱིས་ཏྲི་ཤཱུ་ལ་འཛིན་པ། ཕྱག་གཡོན་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་པ་མཛེས་པའི་སྐུ
iiif viewer powered by OpenSeadragon
104a - 105a