e-texts navigator
Collection
Volume
Page
Wylie

99a1 རྟོགས་ཤེས་བཀའ་སྩལ་པ།། ཚིགས་སུ་བཅད་པས་མཐར་ཆགས་ཀྱིས།། དེ་དག་རྣམས་ཀྱི་མིང་བརྗོད་ཀྱི།། རྩེ་གཅིག་གྱུར་པའི་ཡིད་ཀྱིས་ནི།། ང་ཡིས་བཤད་པ་མཉན
99a2 པར་གྱིས།། སེར་སྐྱའི་གནས་ཀྱི་ནགས་ཚལ་གྱི།། གནོད་སྤྲིན་སྟོང་ཕྲག་བདུན་པོ་དག། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི།། སྣང་བར་བྱས་ཏེ་འཁོད་པ་དང་།། གང་དག་དེ་ཡི་འཁོར་རྣམས་དང་།། དེ་དག་ཀྱང་ནི་འདུས
99a3 པར་ལྷགས།། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན།། ཁ་དོག་ལྡན་ཞིང་གྲགས་དང་ལྡན།། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་།། འདུས་པའི་ཚལ་དུ་མངོན་པར་ཞུགས།། གསར་ཅན་སྟོང་ཕྲག་དྲུག་པོ་ཀུན།། ཁ་དོག
99a4 སྣ་ཚོགས་ལྡན་པ་དག། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི།། སྣང་བར་བྱས་ཏེ་འཁོད་པ་དང་།། གང་དག་དེ་ཡི་འཁོར་རྣམས་དང་།། དེ་དག་ཀྱང་ནི་འདུས་པར་ལྷགས།། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན།། ཁ་དོག།
99a5 ལྡན་ཞིང་གྲགས་ལྡན་རྣམས།། དགེ་སློང་རྣམས་ལ་ཕྱག་འཚལ་ཞིང་།། འདུས་པའི་ཚལ་དུ་མངོན་པར་ཞུགས།། ཤར་ཕྱོགས་རྣམ་རྒྱལ་ཚལ་གྱི་ནི།། རི་དྭགས་སྟོང་ཕྲག་གསུམ་པོ་དག། སེར་སྐྱའི་གནས་ཀྱི
99a6 ནགས་ཚལ་ནི།། སྣང་བར་བྱས་ཏེ་འཁོད་པ་དང་།། གང་དག་དེ་ཡི་འཁོར་རྣམས་དང་།། དེ་དག་ཀྱང་ནི་འདུས་པར་ལྷགས།། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན།། ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས།། དགེ་སློང་རྣམས
99a7 ལ་ཕྱག་འཚལ་ཞིང་།། འདུས་པའི་ཚལ་དུ་མངོན་པར་ཞུགས།། དེ་ལྟར་སྟོང་ཕྲག་བཅུ་དྲུག་ཀུན།། ཁ་དོག་སྣ་ཚོགས་ལྡན་པ་དག། སེར་སྐྱའི་གནས་ཀྱི་ནགས་ཚལ་ནི།། སྣང་བར་བྱས་ཏེ་འཁོད་པ་དང




iiif viewer powered by OpenSeadragon

98b - 99b

Texts on this page

Ty069-024 - mdo chen po 'dus pa chen po'i mdo zhes bya ba