e-texts navigator
Collection
Volume
Page
Wylie

97a1 རྒྱལ་བའི་བླ་མའི་གཟུངས་སྔགས་ཀྱི་གཞི་འདི་གང་གིས་བཟུང་བས། ཆོས་ཐམས་ཅད་བཟུང་བ་དང་བཅས་པར་འགྱུར་རོ།། མི་ཁོམ་པ་བརྒྱད་ལས་འདས་པར་འགྱུར་རོ།། ཚེ་རབས
97a2 ཐམས་ཅད་དུའང་གནོད་སྦྱིན་དེ་ལ་སྲུང་བ་དང་། སྒྲུབ་པ་དང་། སྦ་བར་བྱེད་ལ། དེ་ལ་ནད་ཐམས་ཅད་ཀྱིས་འཇིགས་པ་མེད་དོ།། སྱཱད་ཡ་ཐེ་དན། བུདྡྷེ་བུདྡྷེ། ཛ་ཡོཏྟ་ར། བོ་དྷ་ནི་བོ་དྷ་ནི།
97a3 སཾ་བོ་དྷི། མ་ཧཱ་སཾ་བོ་དྷི། ཨ་དྷི་བད་བོ་དྷ་ནི། ཧ་ལ་ཧ་ལ་ཧ་ལ་ཧཽ་ལི་ཧི་ལི་ཧི་ལི་ཧུ་ལུ་ཧུ་ལུ་ཧུ་ལུ་སརྦ་བུདྡྷ་དྷརྨ་ཨ་བི་བོ་དྷི་ནི། སྥུ་ཊ་སྥུ་ཊ་སྥུ་ཊ་ནི་སརྦ་པཱ་པ་ནི། བུདྡྷ་ཨདྷི།
97a4 ནིན་སྭཿ། འཕགས་པ་རྒྱལ་བའི་བླ་མའི་གཟུངས་རྫོགས་སོ།། རྒྱ་གར་སྐད་དུ། མ་ཧཱ་ས་མཱ་ཛེ་སྱཱ་ཏཱ་ན་ན་མེ་མཱ་ཧཱ་སཱ་ཏྲཾ། བོད་སྐད་དུ། མདོ་ཆེན
97a5 པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གནས་ཀྱི་ནགས་ཚལ་ན། དགེ་སློང
97a6 ལྔ་བརྒྱ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ་སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས
97a7 པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏམ་སྟོན་པར་མཛད་དེ།། དེའི




iiif viewer powered by OpenSeadragon

96b - 97b

Texts on this page

Ty069-023 - 'phags pa rgyal ba'i bla ma'i gzungs
Ty069-024 - mdo chen po 'dus pa chen po'i mdo zhes bya ba