e-texts navigator
Collection
Volume
Page
Wylie

90b1 སྐྱེ་བར་འགྱུར་བ་འདི་ཐབས་ནི་བྱས་ན་སྡུག་བསྔལ་དེ་ལས་ཡོངས་སུ་ཐར་བར་འགྱུར། དེ་ནས་ཡི་དགས་དེས་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱོད་ཀྱིས་སང་གཉིས་ལ་ཡི་དགས་བཤཱའི
90b2 ཀླུང་གི་བྱེ་མ་ཁྲག་ཁྲིག་བརྒྱ་སྟང་སྣོད་ལ་གཏོར་མ་བྱིན་ཏེ། བྲམ་ཟེ་དང་དྲང་སྲོང་བརྒྱ་སྟོང་སྙེད་ལ་ཡུལ་དབུས་འགྱུར་ཚལ་གྱི་བྲེ་ཚད་མ་རེ་རེའི་ཞལ་ཟས་མཆོག་དམ་པ་ཕུལ་ཏེ། ཁོ་བོའི་ཕྱིར་དཀོན་མཆོག་གསུམ་ལ
90b3 མཆོད་པ་བྱས་ན། ཚ་རིང་ཞིང་ཡི་དགས་ཀྱི་སྡུག་བསྔལ་དང་བྲལ་ཏེ་མཐོ་རིས་ཀྱི་ལྔར་སྐྱེ་བར་འགྱུར་རོ།། དེའི་ཚེ་དགའ་བོས་ཡི་དགས་ཁ་ནས་མེ་འབར་བ་ལུས་མི་སྡུག་པ་དང་། ཤིན་ཏུ་རིད་ཅིང་སྐམ་པ་དང
90b4 ཁནས་མེ་འབར་བ་དང་། མགྲིན་པ་མོ་ཁབ་ལ་སྐྱེ་འཛིངས་པ་དང་། སེན་མོ་དང་མཆེ་བ་རིང་ཞིང་རྣོ་བའང་མཐོང་ལ་ཡིད་དུ་མི་འོང་། མི་འདོད་པའི་ཚིག་ཀྱང་ཐོས་ནས་ལུས་སྤྱི་བུང་ཞེས་བྱེད་པ་ཙམ་དུ་འཇིགས་སྐྲག
90b5 ནས་འདུག་པ་ལས་ལངས་ཏེ། མྱུར་བར་བཅོམ་ལྡ་འདས་ག་ལ་བ་དེར་སོང་ངོ་།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་ལུས་སྨད་ལྔ་ས་ལ་གཏུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་ཕྱག་འཚལ་ནས།
90b6 ལུས་འདར་བཞིན་དུ་སྡུག་བསྔལ་གྱིས་གདུངས་པའི་དཔུང་གཉེན་མཛད་དུ་གསོལ་ཞེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་པས་མཐའ་ཞིག་ན་ཆོས་ཡིད་ལ་བགྱིད་ཅིང་མཆིས་པ་ལས
90b7 ཡི་དགས་ལ་ནས་མེ་འབར་བ་ཞེས་བགྱི་བ་དེས་བདག་ལ་འདི་སྐད་ཅེས་མཆིའོ།། ཁྱོད་ད་སྟེ་ཞག་བདུན་ནས་ངེས་པར་ཚའི་དུས་བྱས་ཏེ་ཡི་དགས་ཀྱི་ཁམས་སུ་སྐྱེ་བར་འགྱུར་རོ་ཞེས་མཆིའོ།། བདག་གིས་དེ་ལ




iiif viewer powered by OpenSeadragon

90a - 91a

Texts on this page

Ty069-018 - yi dwags kha nas me 'bar ba la skyabs mdzad pa zhes bya ba'i gzungs