e-texts navigator
Collection
Volume
Page
Wylie

87b1 མིགོས་སོ། མའི་མངསལ་དུའང་མི་བྱའོ།། ཝཱའི་བསྐལ་བསྟོད་དུ་འབོར་ལོས་སྤྱད་པའི་རྒྱལ་པོར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ།། ཇི་སཱར་བསམས་ཤིང་དོ་དུ
87b2 གཉེར་བའི་ལོངས་སྤྱོད་འཐུང་བར་འགྱུར་རོ།། བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་དེ་བསྲུད་པར་མི་བགྱི་ལགས་སོ།། ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ནས་དེ་ཇི་ལྟར་གྱུར་ཀྱང་རུང
87b3 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ།། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས་རྫོགས་སོ།།
87b4 རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་སཎྜ་ལ་ཀ་ནཱ་མ་མ་ཧཱ་ཡཱན་སཱུ་ཏྲ་བོད་སྐད་དུ། འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ
87b5 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་མུ་འཛིན་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ན་བྱང་ཆུབ
87b6 སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིན་ཆེན་སྙིང་པོ་ཟླ་བ་སྣང་བ་ཞེས་བྱ་བ་བྱང་ཆུབ་སེམས་དཔའི་ལེཛེ་ར
87b7 ཉིད་དུ་འདུས་པར་གྱུར་ནས་འདུག་པ་དེ་སྟན་ལས་ལངས་ནས། ཆོས་གོས་ཕྲག་པ་གཅིག་ཏུ་གཟར་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ




iiif viewer powered by OpenSeadragon

87a - 88a

Texts on this page

Ty069-015 - 'phags pa byams pas dam bcas pa zhes bya ba'i gzungs
Ty069-016 - 'phags pa dkyil 'khor brgyad pa zhes bya ba theg pa chen po'i mdo