e-texts navigator
Collection
Volume
Page
Wylie

57a1 རྒྱག་སྐང་དུ་དྱགཏུ་བ་ཏིན་མ་དྷཱར་ཎི་བོད་སྐད་དུ་འདགས་པ་གསེ་ན་ཞེས་བྱ་བའི་གཟུངས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།།
57a2 འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་ལྕེས་མ་ལྟ་བུན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཐབས་ཅིག་ཏུ་བཞུགས་ཏེ་དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ
57a3 བདེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི
57a4 སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གཡུལ་ངོར་མཆིས་ཏེ་གཡུལ་འགྱེད་པ་ན། ལྷ་མ་ཡིན་གྱི་སྒྲ་དང་། རིག་སྔགས་རྣམས་དང་གསང་སྔགས་དང་། སྨན་བདག་གིས་པས
57a5 པར་གྱུར་པ་མཁྱེན་ལགས་སམ། བཅོམ་ལྡན་འདས་བདག་ཅག་རྗེས་སུ་གཟུང་བ་དང་། བདག་ཅག་ལ་ཐུགས་རྩེ་བ་དང་། ལྷ་མ་ཡིན་རྣམས་ཀྱི་སྒྲ་དང་། རིག་སྔགས་དང་། གསང་སྔགས།
57a6 དང་སྨ་ན་རབ་ཏུ་གཞོམ་པ་དང་། རབ་ཏུ་གཞིག་པའི་སླད་དུ། རྣམ་པར་རྒྱལ་བ་ཆེན་པོའི་གསང་སྔགས་ཆེན་པོ་ལེགས་པར་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱི། ལྷའི
57a7 དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀོའུ་ཤི་ཀ་དེ་དེ་བཞིན་ནོ།། ལྷ་མ་ཡིན་དང་གཡུལ་སྤྲད་པ་ན་རིག་སྔགས་རྣམས་དང་གསང་སྔགས་རྣམས་དང་སྨན




iiif viewer powered by OpenSeadragon

56b - 57b

Texts on this page

Ty069-006 - 'phags pa gser can zhes bya ba'i gzungs