e-texts navigator
Collection
Volume
Page
Wylie

308b1 སེམས་ཀྱིས་གནོད་པ་བགྱིད་པར་འགྱུར་བ་མ་མཆིས་ལགས་སོ།། བདག་གིས་རིག་སྔགས་འདི་གནས་པའི་ཕྱོགས་སུ་རིང་ཡང་རུང་ཉེའང་རུང་སྟེ། ཇི་ཙམ་དུ་མཚམས་བཀུམ་པ་ལས་འདས་ནས
308b2 གནོད་པ་བགྱིད་དུ་མཆི་བ་མ་མཐོང་ལེགས་ཏེ། སྡིག་པའི་ལུས་ངེས་པར་རྣམ་པར་སྨིན་པར་གྱུར་པ་ནི་མ་གཏོགས་ལགས་སོ།། བཅོམ་ལྡན་འདས་དེས་དངོས་པོ་འདྲི་ངེས་པར་དེ་ལྟ་བུ་ལགས་པར་རིག
308b3 བར་བགྱིས་ནས་མངོན་པར་ཡིད་ཆེས་པས་བླང་བར་བགྱིའོ།། རྣམ་པར་རྟོག་པ་ནི་མི་བགྱིའོ།། དེ་ལྟར་བགྱིས་ན་གདོན་བགེགས་ཐམས་ཅད་ཐག་རིང་དུ་སྤོང་བས་ཉེ་བར་མཆི་ཞིང་གླགས་རྙེད་པར
308b4 མི་འགྱུར་ལགས་སོ།། རིག་སྔགས་ཀྱི་སྙིང་པོ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མཚུངས་པར་བསྔགས་པ་བརྗོད་ཅིང་། མཚུངས་པར་རྗེས་སུ་ཐུགས་རངས་པར་མཛད་པ་ལགས་སོ།། དེ་བཞིན
308b5 གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བཟུང་བ་མཛད་པ་ལགས་སོ།། བཅོམ་ལྡན་འདས་བདག་གིས་མངོན་པར་དྲན་ལགས་ཏེ་ཁ་སྐལ་པ་གདྷཱའི་ཀླུང་གི་བྱེ་མ་སྐད་ཀྱི་སྔོན་རོལ་ན་དེ་བཞིན་གཤེགས་པ་དགྲ
308b6 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་བརྒྱའི་སྤྱན་ཐོགས་པ་མི་མངའ་བའི་གཙུག་ཏོར་ཡོན་ཏན་རབ་ཏུ་རྒྱས་པའི་འོད་ཟེར་གྱི་རྒྱལ་པོ་ཞེས་བགྱི་བ་འཇིག་རྟེན་དུ་བྱུང་སྟེ། བདག་དེའི་ཚེ་དྲང་སྲང་དུ
308b7 སྲུང་བས་བཅོམ་ལྡན་འདས་དེ་ལས་རིག་སྔགས་འདི་མནོས་ལེགས་སོ།། རིག་སྔགས་འདི་འཐོབ་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱང་མཐོང་བར་གྱུར། མི་སྐྱེ་བའོ་ཆོས་ཀྱི་བཟོད་པའང་ཐོབ་པར




iiif viewer powered by OpenSeadragon

308a - 309a

Texts on this page

Ty069-058 - 'phags pa zhal bcu gcig pa'i rig sngags kyi snying po zhes bya ba'i gzungs