e-texts navigator
Collection
Volume
Page
Wylie

289a1 སྲུང་བའོ།། རྒྱལ་བ་དང་། རྣམ་པར་རྒྱལ་བ་དང་། གཞན་གྱིས་མི་ཐུབ་པ་དང་། ན་གུ་ལི་དང་། དྲིའི་ནགུ་ལི་དང་། དྷ་ར་ནི་དང་། མི་འཇིགས་པའི་ལག་པ་དང་། དབང་པོའི་ལག
289a2 པ་དང་།། དྲིའི་པྲི་ཡང་ཀུ་དང་། ཏ་ཀ་ར་དང་། འཁོར་ལོ་དང་། འཁོར་ལོ་ཆེན་པོ་དང་། རྣམ་པར་གནོན་པ་དང་། སོ་མ་རཱ་ཛི་དང་། སུ་ནད་ད་ཞེས་བྱ་བ་སྟེ། དེ་དག་གང་ཡང་རུང་བ་ལ་བརྒྱ་རྩ་བརྒྱད
289a3 ཀྱི་བར་དུ་ཡོངས་སུ་བཟླས་ནས་ནོར་བུ་ལྟ་བུར་བྱས་ནས་མགོ་བོ་དང་དཔུང་པ་ལ་བཅིང་བར་བྱའོ།། བྱིས་པ་རྣམས་ཀྱི་ནི་མགུལ་དུའོ།། བུད་མེད་རྣམས་ཀྱི་མདོམས་སུ་བཅངས་ན་རང་ཉིད་མཆོག་ཏུ་སྐལ་བ
289a4 དང་ལྡན་པར་བྱེད་དོ།། གཡང་མེད་པ་ཉམས་ནས་བུའང་སྟེར་རོ།། ནོར་བུ་འདི་བཅངས་པས་ཐམས་ཅད་དུ་བསྲུང་བ་བྱས་པ་ཡིན་ནོ།། དུག་དང་མེས་མི་ཚུགས་སོ།། དུག་གིས་བྱས་པའང་སྐྱེ་བར་མི་འགྱུར་རོ།།
289a5 ནད་བྱུང་བའང་མི་སྐྱེ་ཞིང་མྱུར་དུ་ཞི་བར་འགྱུར་རོ།། གཟའ་རབ་ཏུ་ཞི་བར་འགྱུར་རོ།། རླུང་དང་། སྤྲིན་དང་། ཐོག་ནི་ཆུས་རེངས་པར་བྱེད་དོ།། ཀ་ར་ཝཱི་རའི་ལྕུག་མས་ནི་ལས་ཐམས་ཅད་བྱེད་དོ།། འཕགས་པ
289a6 སྤྱནི་རས་གཟིགས་དབང་ཕྱུག་གི་སྙིང་པོ་མཆོག་ཏུ་གྲུབ་པ་འདིས་མ་བསྒྲུབས་པར་ཡང་ལས་འདི་རྣམས་བྱེད་དོ།། དེ་ནས་སྒྲུབ་པར་འདོད་ན་ཐང་སྐུའི་ཆོ་གཽ་ནི་ཚོན་སྔ་མ་ལུས་པས་སངས་རྒྱས་ཀྱི་སྐུ
289a7 གཟུགས་མཉམ་པར་བྲི་བར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ། རི་དགས་ཀྱི་པགས་པས་སྤད་དཀྲིས་བྱས་ཤིང་ཕྱུགས་བདག་གི་ཆ་ལུགསའི་རང




iiif viewer powered by OpenSeadragon

288b - 289b

Texts on this page

Ty069-052 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo