| | e-texts navigator
|
288b1 སོ་མ་མས་ཅིང་བ་ལནི་ཚོན་སྣ་ལྔའི་ཐུང་བ་ལ་ལན་ཅི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ནས་སེང་སྟེང་གི་ཕུར་དུ་བཀལ་བཅིངས་ཏེ་ཕྱོགས་པཞིར་གངབ་པར་བྱས་ན་མཚམས་བཅིངས།
288b2 བཡིན་ནོ།། ཐམས་ཅད་དུ་སྲུང་སྲུང་དམ། ཆུའམ། ཐལ་བས་བྱོའོ།། གཔའི་ཐམས་ཅད་ལཚོན་སཱ་ལྔའི་སྲུང་པས་བྱའོ།། རིམས་ཐམས་ཅད་ལ་སྡུད་པ་དཀར་པོ་ས་བྱའོ།། སྦྲུལ་དང
288b3 སྤྲིན་བུ་དང་། བསྡུ་བྱི་བ་དང་། ལྡོག་པ་དང་། གྲེ་བ་འགགས་པ་རྣམས་ལ་སྦྲང་རྩི་པིབི་ལིང་དང་ལྡན་པས་བྱའོ།། མིག་གི་ནད་ལ་དྲི་ཞིམ་པོའི་ཆུའོམ། རྒྱུ་སྟེགས་ཀྱི་ཆུ་འམ། སྦྱང་རྩི་འམ།
288b4 ཤིང་ངར་གྱིས་བྱའོ།། རྩོད་པའི་དུས་ཐམས་ཅད་དུ་རྩོད་པ་དང་མི་སྙན་པར་བརྗོད་པ་ལ་ཆུ་ལ་ཡོངས་སུ་བཟླས་ཏེ་གདོང་བཀྲུ་བར་བྱའོ།། ཡུལ་གཞན་གྱི་རྒྱལ་པོའི་འཚེ་བ་ལ་ཡུལ་འཁོར་དུ་བུམ
288b5 གང་བ་ཡང་དག་པར་བཞག་ནས་གཙང་མས་གོས་གཙང་མ་གྱོན་ཏེ་མཆོད་པ་ཆེན་པོ་བྱས་ཤིང་བཀླགས་ན་ཞི་བ་ཆེན་པོར་འགྱུར་རོ།། དེའི་ཆུས་ཀྱང་གཏོར་བར་བྱས་ན་སེམས་ཅན་ཐམས་ཅད
288b6 སྲུང་བ་ཡིན་ནོ།། ཉེ་བར་འཚེ་བ་ཐམས་ཅད་དང་ཡམས་རྣམས་ནི་བ་ཡིན་ནོ།། ཕྱག་རྒྱ་ཙན་དན་གྱི་ཐིག་ལེ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་ཡོངས་སུ་བཟླས་ན་མཚམས་མེད་པ་ཐམས་ཅད
288b7 ཟད་པར་བྱེད་དོ།། རྟག་ཏུ་བཟླས་ན་ཁྱིམ་སྲུང་བའོ།། པདྨའི་སྦྱིན་སྲེག་གིས་སེམས་ཅན་ཐམས་ཅད་ཀྱི་སྲུང་བའོ།། ཙན་དེན་གྱི་སྦྱིན་སྲེག་གིས་གཟའ་དང་། འབྱུང་པོ་དང་། རྒྱུ་སྐར་ཐམས་ཅད་ལས
iiif viewer powered by OpenSeadragon
288a - 289a