e-texts navigator
Collection
Volume
Page
Wylie

284a1 གྲགས་པར་འགྱུར་རོ།། བཅོམ་ལྡན་འདས་འདི་ལྟ་སྟེ། གང་ལ་ལའི་སྐྱེས་བུས་ཙན་དན་ནམ། ག་པུར་རམ། གུར་ཀུམ་མམ། གྲཝ་རྩི་བསྣུར་ཞིང་བརྒྱད་ཅིང་རྡོ་བ་འམ་ས་ལ་བཞིཿ།
284a2 ནས་བདག་ཉིད་ལ་བྱུགས་ན། དེ་ལ་ཙན་དན་ནམ། ག་པུར་རམ། གུར་ཀུམ་མམ། ཟླརྩི་བསྣུར་བ་འམ། བརྒྱད་པས་དེ་ལྟར་དྲི་འཕོ་བར་མི་འགྱུར་རོ།། ཡང་དྲི་ཞིམ་པོའང་དེ་ཉིད་དོ།། བཅོམ་ལྡན
284a3 འདས་དེ་ལྟ་ཁོ་ནར་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་འདི་ལའང་གང་ལ་ལ་ཞིག་གིས་འབྱ་ཞིང་སྤོང་བ་དང་། སྔ་མ་ལྟར་ཇི་སྙེད་བདག་ལ་སྒྱུ་དང་གཡོས་མཆོད་པ་བྱེད་པ་དེ་དག་ནི། བཅོམ་ལྔ་འདས་དམུ།
284a4 རྒོད་ཀྱི་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ།། འདོད་པས་དཀའ་བར་འཛིན་པར་བརྗོད་དེ་ཕྱི་མ་ལ་ཡང་ངོ་།། གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚུལ་ཁྲིམས་དང་།། ཏིང་ངེ་འཛིན་དང་།
284a5 ཤེས་རབ་དང་། བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་མི་འབྲལ་བར་འགྱུར་རོ།། ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཉིད་དུ་བྱེད་དོ།། གང་ཡང་བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ།
284a6 དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། དེ་ལས་གཞན་པའི་ཁ་ཅིག་དོན་ཡོད་ཞགས་པའི་སྙིང་པོ་ཆེད་དུ་བྱས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྦྱང་བར་གནས་པར་བྱས་ཏེ།
284a7 ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཚིག་ཏུ་མི་བརྗོད་པར་ཡོངས་སུ་བཟླབ་ན། དེ་ལ་བཅོམ་ལྡན་འདས་མཐོང་བའི་ཆོས་ཉིས་ལ་ཕན་ཡོན་ཉི་ཤུ་ཐམ་པ་སོ་སོར་འདོད་པར་བྱའོ།། ཉི་ཤུ་པོ་གང




iiif viewer powered by OpenSeadragon

283b - 284b

Texts on this page

Ty069-052 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo