| | e-texts navigator
|
283b1 ཅན་དང་ཅིང་ལྷག་པར་མོས་པ་རྣམས་ཤིན་ཏུ་ཡོངས་སུ་བྱང་བར་འགྱུར་རོ།། གལ་ཏེ་བཅོམ་ལྡན་འདས་འཁོར་བཞི་པོ་དང་། རིགས་བཞི་པོས་ཇི་སྙེད་དུ་བདག་ལ་སྒྱུ་དང་གཡོས་ཀྱང་མཆོད
283b2 པར་བྱེད།། གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཉན་པར་བྱེད་པ་དང་། དོན་འཛིན་པར་བྱེད་པ། འཆང་བར་བྱེད་པ། ཀློག་པར་བྱེད་པ། འདྲི་བར་བྱེད་པ། འདྲིར་འཇུག་པར་བྱེད་པ།
283b3 ཀུན་ཆུབ་པར་བྱེད་པ། སེམས་ཅན་གཞན་རྣམས་ཉན་དུ་འཇུག་པར་བྱེད་པ་འམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རྣ་བུག་ཏུ་གཏུགས་ཏེ་ཟློས་པར་བྱེད། སྔགས་ཀྱི་ཚིག་འདི་སེམས་པར་བྱེད
283b4 པ་དང་། དོར་བ་མེད་པ། གཟུགས་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། རྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡང་བ་མེད་པ
283b5 ཕུང་པོ་ལྔ་དང་བྲལ་བའི་སྦྱོར་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པར་བྱའོ།། དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བརྒྱ་སྟོང་གིས་ཞལ་སྟོན་པར་འགྱུར་རོ།། ཁྱེད་ཀྱིས་བཟླས་པས་སྡིག་པ་བཤགས་པར
283b6 འགྱུར་རོ།། ཇི་སྙེད་པོ་ཏོར་བྲི་བ་བྱས་ནས་ཁྱིམ་དུ་བཞུགས་སུ་གསོལ་བར་བྱའོ།། བཅོམ་ལྡན་འདས་མང་པོས་ཅི་བྱ་སྟེ། ཕན་ཚུན་འགྲན་པས་ཉན་པ་འམ། རྗེ་དཔོན་གྱིས་འཇིགས་པས་སམ
283b7 གཞན་གྱི་རྗེས་སུ་འཇུག་པས་སམ། གཞན་སྨད་པར་བྱ་བའི་ཆེད་དུ་ཉན་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱིན་གྱིས་བརླབས་སུ་མཁས་པས་ཤེས་པར་བྱའོ།། དེ་དག་གི་རྣ་བུག་ཏུ་དེའི་སྒྲ
iiif viewer powered by OpenSeadragon
283a - 284a