e-texts navigator
Collection
Volume
Page
Wylie

283a1 བྱང་ཆུབ་སེམས་དཔའ་གང་འདིར་དོན་ཡོན་ཞགས་པའི་སྙིང་པོ་ཐོས་པས་བདག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ།། གང་ཁ་ཅིག་བཅོམ་ལྡན་འདས་སྡིག་པའི་སྐྱོན་བྱེད་པ།། སྡིག་པའི་ཆོས
283a2 ཐམས་ཅད་ལ་ཡང་དག་པར་སྤྱོད་པ།། འཕགས་པ་ལ་སྐུར་པ་འདེབས་པ། དམ་པའི་ཆོས་ལ་སྤོང་བ། མནར་མེད་པ་ལ་གཞོལ་བ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའཐམས་ཅད་དང་།། འཕགས་པ་ཉན་ཐོས
283a3 དང་།། རང་སངས་རྒྱས་ལ་སྨོད་པ་པོ་དེ་གལ་ཏེ་འགྱོད་པར་གྱུར་ཅིང་སླན་ཆད་གཅོད་ཅིང་སྡོམ་པར་གྱུར་ན། བཅོམ་ལྡན་འདས་དེས་རེ་ཞིག་དེ་ཉིད་སྨྱུང་བར་གནས་པ་གཅིག་གིས་དེ་བཟླས་ན་དེའི་སྐྱེ་བ་འདིའི་ལས་ཡོང
283a4 སུ་དག་ཅིང་ཡོངས་སུ་ཟད་པར་འགྱུར་རོ།། ཕྱིར་བཟློག་པར་འགྱུར་རོ།། རིམས་ཉིན་གཅིག་པ་འམ།། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པ་འམ། དེའི་ཕྱིར་ཁྲག་ཏུ་འདྲུ་བ་འམ། ཚད་པའམ། ལག་པ
283a5 ནབྷ་འམ། རྐང་པ་ན་བ་འམ། མགོ་ན་པའམ། ཧ་ལ་ཧ་ལ་ཡིས་བཏབ་པ་འམ། མཛེའམ། རྐང་ཤུའམ། འབྲུམ་བུ་ཕྲ་མོ་འམ། ལྷོག་པ་འམ། འབྲས་སམ། བྱེའུ་འབྲས་སམ། གཡན་པ་འམ། མཚན་མ
283a6 རྡོལ་བའམ། འབྲུམ་བུ་འམ། བརྗེད་བྱེད་དམ། ཁྱབ་པར་ན་བའམ། གསོད་པ་འམ། འཆིང་བ་འམ། བརྡེག་པ་འམ། བསྡིགས་པ་འམ། མི་སྨན་པར་བརྗོད་པ་འམ། མདོར
283a7 བསྡུན་བཅོམ་ལྡན་འདས་ལུས་ཀྱི་ན་ཚའམ། སེམས་ཀྱི་སྡུག་བསྔལ་ལམ། རྨི་ལམ་ངན་པ་མཐོང་བས་དེའི་ལས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ།། སྔར་ཉིད་ནས་དག་པའི་སེམས




iiif viewer powered by OpenSeadragon

282b - 283b

Texts on this page

Ty069-052 - 'phags pa don yod zhags pa'i snying po zhes bya ba theg pa chen po'i mdo