| | e-texts navigator
|
280b1 ཀུན་ཏུ་བཟང་པོའི་སྤྱད་ཚུལ་ཅན།། དཀར་ལམ་བཅུ་པ་རྣམ་སྤྲོ་བ།། སེམས་ཅན་གང་དུ་འདོད་སྦྱོར་བའི།། རིགས་ནི་རིགས་ཆེན་ཐམས་ཅད་པའོ།། ལུས་ངག་ཡིད་བཅུ་སྤྱོད་བཅུ་ནི།། རྒྱུན་མི་འཆང་དུ་སྦྱོར་མོད།
280b2 ཀྱང་།། རགས་པ་ཡོ་ནི་གཟུགས་བརྙན་མཐུས།། སྔགས་སྟེར་གསང་སྔགས་འཛིན་པ་ཡི།། ལྷ་ལ་གོམས་པ་ལྷ་མཐོང་ངམ།། མངོན་ཤེས་དང་པོ་སེམས་གསལ་བས།། མཁའ་མཉམ་སེམས་ཀྱི་རྫུ
280b3 འཕྲུལ་ཆེ།། སེམས་སྣང་རིག་པ་འཛིན་པའི་ས།། མཚན་མོ་ཕོ་མོ་ལ་སོགས་པའི།། མངོན་ཤེས་འཇིག་རྟེན་གསལ་མཐོང་ས།། འཇིག་རྟེན་འདས་པའི་སྙིང་པོ་སྟེ།། བརྟན་པའི་ཡེ་ཤེས་ལས་བྱུང་བའོ།།
280b4 དམ་ཚིག་སྡོམ་པ་མཁའ་མཉམ་སྤྱོད།། སེམས་དང་སེམས་དཔའ་དབྱེར་མེད་དང་།། ཞི་ལམ་སྒྲོ་སྐུར་ཆད་པ་དང་།། སྡུག་བསྔལ་ཀུན་འབྱུང་འགོག་དང་ལམ།། བཞི་བཞི་ལྷུན་གྱིས་གྲུབ་པ་དང་།། རྟེན་འབྲེལ་ཟབ
280b5 དོན་མངོན་གྱུར་པ།། འཇིག་རྟེན་འོདས་པའི་རིགས་ཀུན་མཆོག། མཚོན་མེད་ཏིང་འཛིན་ལ་གནས་ནས།། རྩོལ་བཅས་གཞན་དོན་སྒྲུབ་པ་དང་།། རྩོལ་མེད་ཤུགས་ཀྱིས་བདེ་འབྱུང་དང་།། ངེས་ཚིག་ཆོས་དོན།
280b6 སྤྲོས་པའི་མཐའ།། རྫུ་འཕྲུལ་དུ་མ་སྤྱོད་ཡུལ་ལ།། རིག་ཆེན་ཡོངས་སུ་གྲུབ་པའི་ས།། མཁའ་སྤྱོད་ཕུན་སུམ་ཚོགས་ལྡན་ཞིང་།། སེམས་ཀྱི་སྣང་བ་དུ་མར་བསྒྱུར།། དངོས་རྣམས་སྤྲོས་སྤང་བསྡུ་སྤྱོད་པ།།
280b7 རིག་འཛིན་ཕྱག་རྒྱ་ཆེན་པོ་ཡིས།། ཆོས་སྐུ་ཀུན་སྣང་ཀུན་ཏུ་འོད།། བདེ་སྐུར་སྣང་བ་པདྨའི་སྤྱན།། ཡི་གི་འཁོར་ལོ་སྤྲུལ་ཚོགས་ཆེ།། མཚོན་བྱ་མཚན་ཉིད་རྡོ་རྗེ་འཛིན།། ཟག་མེད་ཡེ་ཤེས་བླ་མའི་ས།། འདུ་འབྲེལ་མེད།
iiif viewer powered by OpenSeadragon
280a - 281a