e-texts navigator
Collection
Volume
Page
Wylie

213b1 དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་མགོན་པོ་ཐུགས་རྗེ་ཅན། རིག་སྔགས་འཆང་བའི་ཚིགས་དང་བཅས། ཆེ་བའི་བྱིན་རླབས་ལྡན་པ་རྣམས
213b2 སྒྲ་སྒྲོགས་སེམས་པ་གནོམ་པ་དང་། ཉོན་མོངས་གྱུ་ནས་གདོན་པ་དང་།། སེམས་ཅན་རྣམས་ལ་ཕན་པ་དང་།། བདག་ལ་ཤིན་ཏུ་སྨན་པའི་ཕྱིར།། སྐུ་དང་རྗེས་སུ་མཐུན་པ་ཡི།། རིག་སྔགས་སྦྱོར་བ་ཁྱད་པར་ཅན
213b3 སྙིང་པོ་དམ་པ་བཤད་དུ་གསོལ།། དེ་ཚེ་འཁོར་ཚོགས་ཐམས་ཅད་ཀྱིས།། མཁའ་ཕྱོགས་མེ་ཏོག་ཆར་གྱིས་བཀང་།། བཅོམ་ལྡན་ཐུབ་པའི་དབུ་ལ་ནཱི།། རིན་ཆེན་མེ་ཏོག་གདུགས་སུ་གྱུར།། ལྷ་རྣམས་གཙང་མར
213b4 སྦྱར་བ་ཡི།། ཡོན་ཆབ་བདུག་སྤོས་དྲི་དང་བཤོས།། ཅི་འབྱོར་དད་པའི་སྟོབས་ཀྱིས་ཕུལ།། ཐུབ་པས་ནམ་མཁའི་མཛོད་དུ་བརླབས།། ལྷ་ཡི་བུ་མོ་དུ་མ་ཡིས།། རོལ་མོ་སིལ་སྙན་འཕན་གདུགས་དང་།། བླ་རེ་རྒྱལ་མཚན
213b5 ལྕིབ་ལྷུབ་དང་།། ལྔ་ལྗིན་བཟའ་དུ་མས་མཆོད།། དེ་ནས་མགོན་པོ་སྤྱན་རས་གཟིགས།། པདྨ་གཞོན་ནུའི་ཞལ་མངའ་བས།། བཞེངས་འཛུབ་ཐལ་མོ་སྦྱར་ནས་ནི།། སྟོན་པ་ལ་ནི་འདི་སྐད་གསོལ།། སྒྲ་སྒྲོགས་བཞིན་གྱིས
213b6 སྙེམས་པ་དང་།། མདའ་དང་རྩལ་གྱིས་དྲེགས་པ་སྟེ།། འདི་ནི་ལེགས་བརྩམས་ལས་བྱུང་མིན།། ཤིན་ཏུ་ལོག་པ་ལས་ཀྱང་མིན།། སྔོན་དུ་སངས་རྒྱས་གདོང་མཛེས་ཀྱི།། བསྟན་པ་ལ་ཡང་མགོ་བཏང་བའི།། བསོད
213b7 ནམས་གྲངས་ཀྱིས་བྱུང་བ་ཡིན།། ལགས་པ་དུ་མར་འཁྲུལ་པ་ནི།། ཟས་དང་སྣོད་སྤྱང་གིས་ནོར་རྒྱན།། བསྐལ་པ་བཞི་བཅུའི་མཆོད་སྦྱིན་ཏེ།། དེ་ནས་རྩལ་དང་ཤུགས་ཀྱང་ཡིན།། མདའ་ནི་བྷྲྀང་གི་རི་ཏི་སི།། བྱིན




iiif viewer powered by OpenSeadragon

213a - 214a

Texts on this page

Ty069-051 - 'phags pa spyan ras gzigs dbang phyug gi rtsa ba'i rgyud kyi rgyal po pad ma dra ba zhes bya ba