e-texts navigator
Collection
Volume
Page
Wylie

211a1 རས་གཟིགས་དབང་ཕྱུག་གོ།། གཡོན་ན་ནི་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་སྟེ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་བསྐོར་རོ།། དད་པའི་རིགས་ཀྱི་བུའམ། རིགས་ཀྱི
211a2 བུམོ་གང་ལ་ལ་མོས་པ་དང་། དད་པ་དང་། གུས་པ་མང་བདེ་དེར་སྐྱེ་བར་འགྱུར་ཏེ། གསེར་གྱི་ས་གཞི་ཆེན་པོ་ལ་རིན་པོ་ཆེ་སྣ་བདུན་གྱི་པདྨ་ཆེན་པོ་དག་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། དགེ་སློང་དག་དགེ་སློང་པ་འམ།
211a3 དགེ་སློང་མ་འམ། དགེ་བསྙེན་པ་འམ། དགེ་བསྙེན་མ་གང་ལ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཚེ་དཔག་མེད་དེའི་མཚན་ཡང་དག་པར་འཛིན་པ་དེ་ལ་མོའི་འཇིགས་པ་མི་འབྱུང་། ཆུའི་འཇིགས་པ
211a4 མི་འབྱུང་། དུག་གི་འཇིགས་པ་མི་འབྱུང་། མཚོན་ཆའི་འཇིགས་པ་མི་འབྱུང་།། གནོད་སྦྱིན་གྱི་འཇིགས་པ་མི་འབྱུང་། སྲིན་པོའི་འཇིགས་པ་མི་འབྱུང་ངོ་།། སྔོན་གྱི་རྣམ་པར་སྨིན་པ་ནི་གང་ལའང་མ་གཏོགས་སོ།། བཅོམ
211a5 ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན
211a6 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་ངོ་ཞེས་བྱ་བའི་གཟུངས་རྫོགས་སོ།། ། རྒྱ་གར་གྱི་མངོན་པོ་པུདྡྷ་ས~ཾ་བྷ་ཝ་དང་། ཞུ་ཆེན་གྱི
211a7 ལོ་ཙ་བ་པ་ཚབ་ཉི་མ་གྲག་ཀྱིས་བསྒྱུར་བའོ།། རྒྱ་གར་སྐད་དུ། བྷ་ག་བན་ཨ་མི་ཏཱ་བྷ་དྷཱ་ར་ཎི་མནྟ། བོད་སྐད་དུ། བཅོམ་ལྡན་འདས་སྣང་བ་མཐའ་ཡས




iiif viewer powered by OpenSeadragon

210b - 211b

Texts on this page

Ty069-048 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs
Ty069-049 - bcom ldan 'das snang ba mtha' yas kyi gzungs sngags