e-texts navigator
Collection
Volume
Page
Wylie

209a1 ཨཱརྱ་ཨ་པ་རི་མི་ཏ་ཨཱ་སུར་ཛྙཱ་ན་ཧྲི་ཡན་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྙིང་པོ་ཞེས་བྱ་བའི་གཟུངས་སངས་རྒྱས་དང་བྱང
209a2 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གང་གཱ་ཏས་བསྐོར་བའི་རྫིང་བུའི་འགྲམ་ན། དགེ་སློང་ལྔ་བརྒྱའི་དགེ་སློང
209a3 གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་ནས། དགེ་སློང་དེ་དག་བཅོམ་ལྡན
209a4 འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདི་ནས་ནུབ་ཀྱི་ཕྱོགས་རོལ་ན།། བདེ་བ་ཅན་གྱི་འཇིག་རྟེན་ཁམས།། དྲིན་རྫོགས་པའི་སངས་རྒྱས་བཞུག།
209a5 དེ་བཞིན་གཤེགས་པ་ཚེ་དཔག་མེད།། སུ་ཞིག་དེ་ཡི་མཚན་བརྗོད་ན།། དེ་ནི་དེ་རུ་སྐྱེ་བར་འགྱུར།། འཆི་བའི་དུས་སུ་སྟོན་པ་ནི།། དགེ་སློང་དགེ་འདུན་བཅས་ཏེ་མཐོང་།། དེ་ན་བུད་མེད་ཡོད་པ་མིན།། མངལ་ན
209a6 གནས་པ་ཡོད་མ་ཡིན།། རིན་ཆེན་རྣམས་ཀྱི་པདྨོ་ལས།། རྫུ་འཕྲུལ་ཆེན་པོ་འབྱུང་བར་འགྱུར།། ཟས་དང་གོས་དང་སྨན་རྣམས་དང་།། ཆོས་གོས་མལ་ཆ་ལྷུང་བཟེད་རྣམས།། སེམས་ཀྱིས་བསམ་མ་ཐག་ཏུ་ནི།།
209a7 དེ་དག་མོད་ལ་འབྱུང་བར་འགྱུར།། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས།། བདེ་བ་ཅན་གྱི་བསྔགས་པ་བརྗོད།། དེ་ལྟར་སངས་རྒྱས་བསམ་མི་ཁྱབ།། སངས་རྒྱས་ཆོས་ཀྱང་བསམ་མི་བྱབ།




iiif viewer powered by OpenSeadragon

208b - 209b

Texts on this page

Ty069-048 - 'phags pa tshe dang ye shes dpag tu med pa'i snying po zhes bya ba'i gzungs