| | e-texts navigator
|
182a1 བར་བྱ།། དཀོན་མཆོག་སྤྱིལ་མཆོད་པ་བཤམ།། དེ་ནས་བདྨར་བདག་བསྒོམས་ལ།། ཐུགས་ཀའི་ཧྲི་ལས་འོད་འཕྲོས་པས།། བླ་མ་སངས་རྒྱས་ལ་སོགས་པ།། རང་གི་མདུན་དུ་བསམ
182a2 བྱས་ལ།། མཆོད་པ་རྣམ་ལྔ་དབུལ་བར་བྱ།། རྣམ་དག་བདུན་གྱི་འོག་ཏུ་ནི།། ཚད་མེད་བཞི་པོ་བསྒོམ་པར་བྱ།། བཏང་སྙོམས་ལ་སོགས་པཾ་རྀ་ཏྲི།། པད་སྟེངས་ཡི་གེ་ཧཱུ~ཾ་ལས་ནི།། ནག་པོ་ཞལ་གཅིག་ཕྱག་དྲུག་པ།།
182a3 གྲིགུག་འཕྲེང་བ་ཌ་མ་རུ།། ཐོད་པ་མདུང་དང་ཞགས་པ་རྣམས།། གཡས་གཡོན་རིམ་པས་བསྣམས་པའོ།། སྦྲུལ་དང་རིན་ཆེན་རྒྱན་གྱིས་བརྒྱ་ནི།། སྐུ་སྤྲད་པ་ཏི་ཁྲ་བོ་གསོལ།། སྟག་ལྤགས་ཞིང་གི་ཤམ་ཐབས་ཅན།།
182a4 གཏུམ་པོ་སྤྱན་གསུམ་མཆེ་བ་གཙིགས།། དཔྲལ་བར་དྲི་ཡི་ཐིག་ལེས་བརྒྱན།། སྤྱི་གཙུག་མི་བསྐྱོད་སྤྲུལ་སྐུ་བསྟན།། དེ་ལྔར་བདག་མདུན་གསལ་བསྒོམ་ནས།། སྤྱན་དྲངས་མཆོད་དང་བཟླས་པ་བྱ།
182a5 གཏེར་མ་པཱུ་ཛ་ལ་སོགས་པས།། ནག་པོ་ཆེ་ལ་སྦྱིན་པར་བྱ།། མགོན་པོའི་ཐུགས་ཀོའི་ཧཱུཾ་ལས་ནི།། སྲོག་གི་ཡི་ག་གཡས་ནས་བསྐོར།། ཁྲོར་ཡུག་དག་གིས་བཟླ་བེར་བྱ།། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵཾ་ཀྵི་ཏྲ་བིགྷྣཱཾ་བི
182a6 རཱ་ཡ་ཀུ་ཧྲཱི་ཧཱུཾ་ཕཊ། དེ་སྐད་ཅེས་ནི་རབ་བརྗོད་པས།། ནག་པོ་གྲུབ་པའི་རྟགས་རྣམས་འབྱུང་།། དཔལ་ནག་པོ་ཆེན་པོའི་རྒྱུད་ལས།། བསྙེན་ཅིང་སྒྲུབ་པའི་ལེའུ་སྟེ་གཉིས་པའོ།།
182a7 དེ་ནས་ཡང་དག་བཤད་བྱ་བ།། སངས་རྒྱས་བསྟན་པ་བཤིག་པ་དང་།། རྣལ་འབྱོར་བར་ཆད་བྱེད་པ་རྣམས།། ནག་པོ་ཆེན་པོས་བསྒྲལ་འདོད་ན། སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་།། དྲག་པོ་ཨེ་ཡི་ནང་དུ་ནི།
iiif viewer powered by OpenSeadragon
181b - 182b