e-texts navigator
Collection
Volume
Page
Wylie

181b1 བར་མཐར་བྱེད་དྷའི་རྒྱལ་པོའི་མངོན་དུ་བྱུང་སྟེ་ལས་ཅི་བྱ་ཟེར་ཞིང་རང་རྟགས་སྲོག་གི་སྙིང་པོ་འདི་མདོངས་གསོལ་དུ་ཕུལ་བ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵི་ཀྵེ་ཏྲཱ་བིཙཱ་བི་ནཱ་ཡ་ཀ་ཧཱུ~ཾ་ཧཱུ~ཾ་ཕཊ། ཅེས་ཕུལ་ལོ།། དཔལ
181b2 ནག་པོ་ཆེན་པོའི་རྒྱུད་ལས། གླེང་གནི་ལྀའུ་སྣ་དང་པོའོ།། དེ་ནས་རྒྱལ་པོ་མིག་མི་བཟང་གིས། མཐར་བྱེད་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་པྲདྨ་ཁྲོས་པའི་ངང།
181b3 ནག་པོ་ཆེན་པོ་དྲུག་ཤུལ་ཅན། གསང་བའི་སྒྲུབ་པ་བཤད་དུ་གསོལ།། མགོན་པོ་བསྒྲུབ་པར་བྱ་བ་གང་།། གསད་ཅིང་ལུས་སྲོག་དབྱེ་བ་དང་།། མ་གྲུབ་ཤིས་བསྟན་པ་དང་།། མགོན་པོའི་རྟགས་དང་སེར་བ་རྣམས།།
181b4 རྟ་མཆོག་ཆེན་པོས་བདག་ལ་གསོལ།། ཞེས་ཞུས་པས། དེ་ནས་པདྨ་ཁྲོས་པ་ཡིས།། ནག་པོའི་སྒྲུབ་ཐབས་ཆེད་དུ་བརྗོད།། དམ་ཚིག་ལྡན་པའི་སྔགས་པ་ཡིས།། སངས་རྒྱས་བསྟན་པ་བསྲུང་སླད་དུ།། གཟའ་སྐར
181b5 ཚེཆོས་གྲངས་ཤིས་པ་ལ།། དུར་ཁྲོད་ལ་སོགས་ཤིང་གཅིག་ཏུ།། བསོད་ནམས་ཚོགས་ནི་བསགས་བྱས་ལ།། ནག་པོ་ཆེན་པོ་བསྒྲུབ་པར་བྱ།། ཕུང་སའམ་ས་ནག་དག་ལ་ནི།། སྟེགས་བུ་གྲུ་བཞི་བྱས་ནས་ནི།། དྲི་སྤོས
181b6 ཁྲག་གིས་ཆག་ཆག་པ།། དབུས་སུ་གྲུ་གསུམ་ཟླ་གམ་ལྡན།། ཕྱི་རོལ་པདྨ་འདབ་བརྒྱད་བྲི། དེ་དབུས་ཐོད་ཆེན་ནང་དུ་ནི།། ཤ་ལྔ་སྙིང་སྒྱུས་བརྒྱན་པ་ཡི།། གཏོར་མུ་བཤོས་བུ་ཁྲུ་གང་ཚད།། དེ་ལ་མདའ་གཟུགས
181b7 དམར་ནག་དར།། གྲྀ་སྙིང་ཙ་ཀ་ལོ་ཡང་གཟུགས།། དེ་ཉིད་མགོན་པོའི་རྟེན་དུ་གཞག། ཌ་མ་རུ་ཡི་པགས་པའི་ནིང་།། མགོན་པོའི་སྲོག་སྔགས་བྲི་བར་བྱ།། ལྷོ་ཡི་ནང་དུ་བླ་རྗེས་གྲིལ།། སྤོས་དང་རྒྱུན་གཏོར་གདང་།




iiif viewer powered by OpenSeadragon

181a - 182a

Texts on this page

Ty069-037 - dpal nag po chen po'i rgyud