| | e-texts navigator
|
382b1 པས་གསུངས་པའི་གཟུངས་རྣམས་རྣམ་མང་ཡང་།། རྡོ་རྗེ་འཇིགས་བྱེད་ཞལ་ནས་གསུངས་པའི་གཟུངས།། བསྲུང་བྱའི་ལས་བདུན་ལྡན་པའི་གཟུངས་མཆོག་འདི།། ཀུན་གྱིས་ཐུན་མོང་མ་ཡིན་རྣལ་འབྱོར་དམ་པའི།
382b2 གཟུངས།། རྣལ་འབྱོར་ཅི་རྣལ་འབྱོར་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་བསྒྱུར་ནས། བོད་ཀྱི་བན་དྷེ་སྐྱོ་འོད་འབྱུང་བ་ལ་གནང་ངོ་།། ། རྒྱ་གར་སྐད་དུ།
382b3 ཨཱརྱ་མ་ཧཱ་ད་ཏཱ་ན་མ་དྷཱ་ར་ཎི། འོད་སྐད་དུ། འཕགས་པ་བེ་ཅོན་ཆེན་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག
382b4 ན་བཅོམ་ལྡན་འདས་རྒྱལ་པོའི་འལྡན་བྱ་རྒོད་ཕུང་པོའི་རི་ལ། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དམ་སློང་གི་དགེ་བདུན་རྗེན་པོ་དང་ཐབ་ཅིག་ཏུ་བཞུགས་ཏེ། དེའི་ཚེ་མཚོ་དང་ལྡན་པ་སྒྲ་གཅན་ཟིན་རྒྱས
382b5 པོའི་ཁབ་ཀྱི་དུང་ཁྲོན་ཆེན་པོ་བསིལ་བའི་གནས་ན། བུང་ཤི་ཆེན་པོ་ལྟ་བུའི་ཕྱོགས་ན་འདུག་གོ།། དེར་འདི་ལྟ་སྟེ། ལྷའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་། ཀླུའི་གདོམ་རྣམས་དང་།
382b6 གནོད་སྦྱིན་གྱི་གདོན་རྣམས་དང་། སྲིན་པོའི་གདོན་རྣམས་དང་། མི་འམ་ཅིའི་གདོན་རྣམས་དང་། ལྷོའི་ཕྱེ་ཆེན་མའི་གདོན་རྣམས་དང་། དྲི་བའི་གདོན་རྣམས་དང་། མིའི་གདོན་རྣམས་དང་། དྲུང་ལྷའི་གདོན
382b7 རྣམས་དང་། ཡི་དགས་ཀྱི་གདོན་རྣམས་དང་། འབྱུང་པོའི་གདོན་རྣམས་དང་། ཤ་པའི་གདོན་རྣམས་དང་། རྡུལ་བུས་ཀྱི་གདོན་རྣམས་དང་། གཅིག་རྣམས་དང་། རྩ་རོག་རྣམས་དང་།
iiif viewer powered by OpenSeadragon
382a - 383a