e-texts navigator
Collection
Volume
Page
Wylie

380b1 ཏེ་སྡིགས་པར་བྱེད། བསྙེམས་དང་བཙས་ཤིང་སྒྲ་ཡང་འབྱིན།། འཇིགས་པར་བྱེད་པའི་སྐྱེ་བ་སྤགས་པའི།། ཙམ་རྔ་མ་ལེག་པར་བཤད་པ་ནི།། མཛེས་པའི་ཁྲོ་བོས་གནོན་པའོ།། བཅན།
380b2 ཐབས་སུ་ནི་བསྐོར་བར་བྱ།། རྐང་པ་གཡས་པ་བཙུགས་ཏེ་མནན།། ལག་པ་གཉིས་ཀ་དྲ་བ་རྡོབ་པ།། བྱས་ནས་འཇིགས་པར་བྱ་བ་ནི།། དེ་བཞིན་བསྙེམས་དང་བཅས་བཤད་པ།། ཚམ་རྔམ
380b3 བདག་ཉིད་ཆེན་པོ་འདྲི།། འཇིགས་པར་བྱེད་པ་ཞེས་བྱ་སྟེ།། རྟག་ཏུ་ཁྲོ་བོ་སྒོམ་པའོ།། རྐང་པ་མཉམ་པར་བཞག་སྟེ་འདུག། གཡས་པ་ཅུང་ཟད་མཐོ་བར་བྱ།། དཔྲལ་དང་ལྡན་པས་གཡོན་པ་སྤད།།
380b4 གཡོན་པ་སོར་མོ་གཅིག་ནི་བསྡིགས།། དཔུང་པ་བཏེག་སྟ་བེ་ཅོན་འཕྱར།། རྐང་པ་དང་ནི་གདོང་བསྒྱུར་བ།། རྟག་ཏུ་ཁྲོ་བོ་སྐེམ་པ་ནི།། ཀཱི་ལི་ཀཱི་ལ་ཞེས་བྱའོ།། ཀཱི་ལི་ཀཱི་ལ་ཆེན་པོ་ནི།། དེ་ཉིད་ལས
380b5 ནི་རྒྱབ་ཏུ་བལྟ།། ཁྲོ་བོ་མིག་ནི་ཡ་གཅིག་བཙུམས།། མྱུར་དུ་མཆོད་སྟབས་བྱེད་པའོ།། འདི་ནི་ཚམ་རྔམ་སྦྱོར་བ་སྟེ།། ཧེ་ལའི་འཁོར་ལོ་རྩིབས་རིམ་ལས།། མདོར་ནི་ཇི་ལྟར་དགོད་པ་དག། ལེགས
380b6 པར་བཤད་པ་འདི་ཡིན་ནོ།། ཧེ་ལའི་འཁོར་ལོའི་མཐུ་སྔགས་དང་།། ཚམ་རྔ་མ་གཡས་ཀྱི་མཐུ་དགའ་ཡིས།། ལས་རྣམས་རབ་ཏུ་ངོ་མཚར་བ།། ཇི་སྐད་གསུངས་པའི་ལས་རྣམས་བྱའོ།། བསྒྲུབ་པ་དེ
380b7 དག་གསང་རྒྱུད་དང་།། ཧེ་ལའི་འཁོར་ལོ་འདི་ཤེས་ན།། ཁྲོ་བོ་དངོས་དང་གཅིག་འགྱུར་བས།། ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར།། རྟོག་པ་འདི་ནི་གསང་བར་བཅས།། གསང་བའི་སྙིང་པོའི་མཆོག་ཏུ་བ།




iiif viewer powered by OpenSeadragon

380a - 381a

Texts on this page

Ty068-039 - khro bo rnam par rgyal ba'i rtog pa gsang ba'i rgyud