| | e-texts navigator
|
307b1 གཟུངས་འདིའི་མིང་བཟུང་བ་དང་། ཐོས་པ་དང་། བརྗོད་པ་ཙམ་གྱིས་ཀྱང་ཚེ་རབས་བྱེ་བ་ཕྲག་འབུམ་གྱི་བར་དུ་བསགས་པའི་ལས་ཀྱི་སྒྲིབ་པ་འབའ་བྱང་བར་འགྱུར་རོ།། ཉོན་མོངས་པ་ཐམས་ཅད
307b2 བསྲབས་པར་འགྱུར་རོ།། དེའི་ངན་སོང་གི་འགྲོ་བ་ཐམས་ཅད་ཀྱང་རྒྱུན་ཆད་པར་འགྱུར་རོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར་རོ།། བྱང་ཆུབ
307b3 སེམས་དཔའི་དགེ་བ་དང་ཡང་ལྡན་པར་འགྱུར་རོ།། ཡོངས་སུ་མི་ཉམས་པའི་ཆོས་ཅན་དུའང་འགྱུར་རོ།། སྙིང་རྗེ་ལས་ཀྱང་ཉམས་པར་མི་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱིས་ཀྱང
307b4 མངོན་པར་དགའ་བར་འགྱུར་རོ།། ཉིན་དུས་གསུམ་མཚན་དུས་གསུམ་དུ་ལར་བདུན་བདུན་བརྗོད་ནི་སྡིག་པ་ཐམས་ཅད་ལས་རྣམ་པར་ཐར་པར་འགྱུར་ལབྱང་ཆུབ་སེམས་དཔའི་ཡོར་ཏན
307b5 སྟོང་ཕྲག་དཔག་ཏུ་མེད་གྲངས་མེད་པ་དག་ཀྱང་ཐོབ་པར་འགྱུར་རོ།། ནམ་ནངས་པའི་དུས་སུ་སྐྱིལ་མོ་ཀྲུང་བཅས་ཏེ་བདེ་བར་འདུག་པ་ལག་པ་གྲུ་གསུམ་གྱི་ཕྱག་རྒྱ་བྱས་ནས། སངས་རྒྱས་དང
307b6 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ། དེ་བཞིན་གཤེགས་པ་ཡོན་ཏན་བདག་ཉིད་ཆེན་པོ་མངོན་སུམ་དུ་བསམས་ནས། དེ་བཞིན་གཤེགས་པ་ལ་ཕྱག་འཚལ་ལོ་ཞེས་སྨྲས་ཏེ།
307b7 ཡིད་ཀྱིས་ཕྱག་འཚལ་ནས་ལན་ཉི་ཤུ་རྩ་གཅིག་བརྗོད་ར། དེ་ལ་ཡིད་ལ་ཇི་ལྟར་འདོད་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ཏེ། དོན་ཇི་ལྟ་བ་བཞིན་དུ་འགྲུབ་པ་ཐོབ་པར་འགྱུར་རོ།།
iiif viewer powered by OpenSeadragon
307a - 308a