| | e-texts navigator
|
518b1 དང་མཁའ་འགྲོ་མ་དང་ཤ་ཟ་དང་།། གདོན་རྣམས་རབ་ཏུ་རླག་པར་འགྱུར། སོ་སོར་འབྲང་བའི་གཟི་བརྗིད་ཀྱིས།། གའི་ཆེན་མདངས་རྣམས་ཟ་བ་དང་།། མི་ཡི་སྐྱེ་དགུ་རྣམས་འཚེག། དེ་དག་ཐམས་ཅད་རེངས
518b2 བྱེད་འགྱུར།། ཁྱད་སྟེམས་མི་བཟང་གང་ཡིན་དང་།། ཕ་རོལ་དམག་ཚོགས་ཕུང་བར་བྱེད།། སྔགས་ཀྱི་ལས་ཀྱིས་གནོད་མི་འགྱུར།། རྩ་བའི་ལས་ལས་རྣམ་པོར་གྲོལ།། དུག་དང་དུག་སྦྱར་མེས་མི་ཚུགས།
518b3 མཚོན་དང་ཆུས་ཀྱང་ཚུགས་མི་འགྱུར།། ལྕེ་འབབ་གློག་གིས་མི་ཚུགས་ཏེ།། དུས་ཀྱི་རླུང་གིས་གནོད་མི་འགྱུར།། རིག་པའི་རྒྱལ་མོའི་གཟི་བརྗིད་ཀྱིས།། དགྲ་ཀུན་རབ་ཏུ་འཇོམས་པར་འགྱུར།། ཉེ་བར་འཚེ་བ་ཟློག་པར
518b4 བྱེད།། ནད་རྣམས་འབྱུང་བར་མི་འགྱུར་རོ།། དེ་ཡི་དོན་རྣམས་ཐམས་ཅད་འགྲུབ།། རྟག་ཏུ་རྒྱལ་བ་ཐོབ་པར་འགྱུར།། གང་གིས་རྟག་ཏུ་མགུལ་པ་འམ།། ལག་པར་རིག་པ་བཏགས་ན་ནི།། དེ་ཡི་དགོས་པ་ཡོད་རོ་ཅོག།
518b5 འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། བྱང་ཆུབ་སེམས་དཔའ་ཆེན་པོ་དང་།། སངས་རྒྱས་རྣམས་དང་རང་འདྲེན་དང་།། དེ་བཞིན་ཀླུ་ཡི་རྒྱལ་པོ་དང་།། ལྷ་དབང་རྣམས་ནི་རྟག་ཏུ་སྲུང་།། སོ་སོར་འབྲང་བའི་གཟུངས་འཛིན
518b6 ལ་ཁཉན་ཐོས་སངས་རྒྱས་ཐམས་ཅད་དང་།། རིག་པའི་ལྷ་མོ་རྫུ་འཕྲུལ་ཆེ།། རྟག་ཏུ་སྲུང་བ་བྱེད་པར་འགྱུར།། ལག་ན་རྡོ་རྗེ་གནོད་སྦྱིན་དབང་།། དེ་བཞིན་རྒྱལ་པོ་བཞི་རྣམས་ཀྱང་།། དེ་ལ་ཉིན་དང་མཚན་རྣམས་སུ།།
518b7 སྲུང་བར་བྱེད་དེ་ཐེ་ཙོམ་མེང་། བརྒྱ་བྱི་ལྷ་དང་བཅས་པ་དང་།། ཚངས་པ་ཁྱབ་འཇུག་དབང་ཆེན་དང་།། དགའ་བའི་དབང་པོ་ནག་པོ་ཆེ། སྤྲིན་དྲུག་བུ་དང་ཚོགས་ཀྱི་དབང་།། མ་མོའི་ཚོགས་རྣམས་ཐམས་ཅད་དང་།
iiif viewer powered by OpenSeadragon
518a - 519a