e-texts navigator
Collection
Volume
Page
Wylie

517b1 ཀའི་ཁྲི་ཆེན་པོ་རྡོ་རྗེ་རིན་པོ་ཆེ་དང་། མུ་ཏིག་དང་། དྲིལ་བུ་གཡེར་ཀའི་དྲབ་དུ་མ་སྒྲ་འབྱུང་བ། རྩ་བའི་དྲུང་ན་རྡོརྗེ་རིན་པོ་ཆེའི་སྟེགས་བུ་དུ་མ་ཤིན་ཏུ་བརྟམ་པར་གནས་པ། རྡོ་རྗེ་རིན་པོ་ཆེའི་མུ་སྲིར་དུ་མའི་ཁ་རས་བྱུང་བའི
517b2 མུ་ཏིག་དམར་པོའི་འཕྲེང་བ་བྲེས་པའི་པང་བཤམས་པ། རིན་པོ་ཆེ་དུ་མའི་པདྨའི་སྙིང་པོ་ལ་ཆགས་པའི་རིན་པོ་ཆེ་ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨ་ནངད་རྙིལ་དང་། ཨན་ང་རྙིལ་ཆེན་པོ་དང་། དུན་ལས་ཀྱི་འོད་ཟེར་ཆེན
517b3 པོ་འཚེར་བས་སྣང་བར་བྱས་ཏེ་ཀུན་ནས་མཛེས་པ། གདུགས་རྩ་བ་དང་བཅས་པ། རྡོ་རྗེ་རིན་པོ་ཆེའི་ཤར་བུ་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ
517b4 ཕྲག་དུ་མས་ཀུན་རས་བསྐྱབས་པ། དཔག་བསམ་གྱི་ཤིང་དུ་མས་བརྒྱན་པར་མཛེས་པར་བྱས་པ། རྡོ་རྗེ་རིན་པོ་ཆེའི་ཁྲི་རི་རབ་ཙམ་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་རབ་ཏུ་འབར། ས་ཕྱོགས་ནི་ཉི།
517b5 མ་སྟོང་བས་ལྷག་པའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་སྡུག་པ་ནི་སྣང་། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་རྒྱས་ཤིང
517b6 ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་ངོ་།། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་ཡང་དག་པར་རབ་ཏུ
517b7 སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས། འོད་ཟེར་གྱི་དྲ་བ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཀུན་ཏུ་སྟོན་པ་ཞེས་བྱ་བ་བཀྱེ་སྟེ། འོད་ཟེར་གྱི་དྲ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག




iiif viewer powered by OpenSeadragon

517a - 518a

Texts on this page

Ty067-009 - 'phags pa rig pa'i rgyal mo so sor 'brang ba chen mo