| | e-texts navigator
|
515a1 ས་པར་འབྱུང་བ་ན། བྱང་ཆུབ་སེངས་རཔའ་བྱེད་ཞག་ཁྲིག་འབྲ་བླག་བརྒྱང་ཅུརྩ་བ་ནི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་བླ་མེད་པ་ཡང་དག་པར་རྫོགས་པའི་བྱུང་ས
515a2 ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་དུ་མར་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཀུན་ཏུ་སྟོན་པ། སེམས་ཀྱི་སྐད་ཅིག་ཐག
515a3 ཅིག་ཡུང་ཙམ་ཞིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་སྟོན་པ་སྡེ་ཚོགས་སྙན་ཅིང་ནྱ་རྨེལ་རབ་ཅིང་བདྲ་བ་དང་། སོན་པ་དང་། ཆུ་འཕྲུལ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་དུ་མར
515a4 དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། དབང་དང་། མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན
515a5 ལག་དང་། ལམ་དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱམས་པའི་སྟོབས་དང
515a6 བདེན་པ་དང་། ཡོངས་སུ་བྱུང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང་། རྡོ་རྗེའི་སྤྱན་དང་། རྡོ་རྗེའི་ལུས་དང་། རྡོ་རྗེའི་བློ་གྲོས
515a7 དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འདུས་པ་དང་། རྡོ་རྗེ་མཐུ་བོ་ཆེ་དང་། རྡོ་རྗེ་རྣམ་པར་འཕྲུལ་པ་དང་། རྡོ་རྗེ་བརྩེགས་པ་དང་། རྡོ་རྗེ་ཕུང་པོ་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་དབྱངས་དང་། རྡོ་རྗེ་བཟང་པོ་དང་། རྡོཿ
iiif viewer powered by OpenSeadragon
514b - 515b