| | e-texts navigator
|
513b1 ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅིའི་སྲད་དུ་མ་འཚལ་། བཅོམ་ལྡན་འདས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་རྒྱ་མཚོ་ཆེན་པོ་བཞི་ནི་སྐམ་ཡང་སྲིད། ས་གཞི་ནི་ནམ་མཁའ་ལ་འང།
513b2 ཀྱང་སྲིད། ཟླ་བ་དང་ཉི་མ་ནི་ས་ལ་སྲུང་ཡང་སྲིད། ཀྲུང་ནི་རྒྱུན་ལས་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ཀུན་དགའ་བོ།།
513b3 ལ་བཀའ་སྩལ་དང། ཀུན་དགའ་བོ་དེ་ལྟ་བས་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་འཁོར་བཞི་པོ་དགེ་སློང་དང་། དགེ་སྦྱོང་མ་དང་། དག་བསྙེན་དང་། དགེ་བསྙེན་མ་རྣམས་མོས་པར་གྱིས་ཤིག། ཚེ་དང་ལྡན
513b4 པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་གསོལ་ཏེ། བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། འཁོར་བཞི་པོ་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དེ་རྣམས་རིག་སྔ
513b5 ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་མོས་པར་བྱས་སོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་དགེ་སློང་ས་རི་དང་། འཁོར་རྣམ་པ་བཞི་དང
513b6 ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། རླུང་ལྷ་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་ཀ་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མི་དང་། མི་མ་ཡིན་པ་གང་དག་འཁོར་དེར་འདུས
513b7 འཁོར་པ་དེ་དག་ཐམས་ཅད་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བཅོམ་ལྡན་འདས་མ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟུངས་རྫོགས་སོ།།
iiif viewer powered by OpenSeadragon
513a - 514a