| | e-texts navigator
|
513a1 བཅོམ་མོ།། དགེ་སློང་ས་རི་དང་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ། བཅོམ
513a2 ལྡན་འདས་ཀྱི་ལྟར་མཉན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་དགེ་སློང་ས་རི་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན
513a3 མོ་འདིས་དགེ་སློང་ས་རི་ལ་ཆད་པ་སྤང་བ་བྱས་ཏེ། སྦ་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་བཟུང་བ་དང་། ཡོངས་སུ་བསྐྱང་བ་དང་། ཞི་བ་དང་། བདེ་ལེགས་སུ་གྱུར་པ་དང་ཆད་པ་སྤང་བ
513a4 དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསང་བ་དང་། མཚམས་བཅད་པ་དང་། ས་བཅིང་བ་བྱས་ཏེ། ཚེ་དང་ལྡན་པ་ཀུན་དགའ་བོས་བསྲུང་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པས
513a5 ཚེ་དང་ལྡན་པ་དགེ་སློང་ས་རི་ནད་དེ་ལས་སོས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཚེ་དང་ལྡན་པ་དགེ་སློང་ས་རི་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས
513a6 ལ་མགོ་བོས་ཕྱག་འཚལ་ཏེ། ཇི་ལྟར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ་ཕྱོགས་གཅིག་ཏུ་འཁོད་དོ།། དེ་རས་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ
513a7 ཐས་དགའ་བོ་ལོ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོམ་བྱ་ཆེརན་པོ་འདིའི་མཐུ་མཐོང་ངམ། ཀུ་དགའ་བོས་བཅོམ་ལྡན་འདས་དེ་བཞིན་དུ་གསུངས་པ་དེ་ལ་ཕྱག་འཚལ་ནས་འདི་གང
iiif viewer powered by OpenSeadragon
512b - 513b