| | e-texts navigator
|
512a1 ཁོ་བཞི་པོ་དག་གིས་ཀྱང་ཀུར་ཞེས་བྱ་བ་ལ་ཐག་གི་བར་གྱི་མམོན་མ་རྣམས་ཀྱིས་དེ་ལ་སྡུག་བསྔལ་ཆེན་པོ་བྱེད་པར་འགྱུར་རོ།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱེན་ཡང་སུམ་སུ་རྩ་གསུམ་པས།
512a2 ཚོགས་ཀྱིས་བསྐོར་ཏེ། རྡོ་རྗེས་དེའི་མགོ་འགེམས་པར་འགྱུར་རོ།། ཚངས་པའི་གཟི་བརྗིད་ཀྱིས་ཀྱང་དེའི་འབྱོར་པ་ཐལ་བར་རློག་པར་འགྱུར་རོ།། ཀུན་དགའ་བོ་སུ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འཛི
512a3 བསྲུང་བ་བྱས་སམ། སྐུར་པ་བཏགས་ན་དེ་གསང་བའི་རིགས་པ་ནི་ཆང་པས་བྲལ་བར་འགྱུར་རོ།། ཆང་པས་གཅད་པའི་རིགས་པ་ནི་གཞུ་བཙོག་པས་སོ།། གཞུ་བཙོག་པའི་རིགས་པ་ནི་སྤྲོ་བས་སོ།། སྤྲོ་བའི་རིགས
512a4 པ་ནི་དམ་བཅའ་བས་སོ།། དམ་བཅའ་བའི་རིགས་པ་ནི་སྤུ་ཟིང་ཞེས་བྱ་བས་སོ།། སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི་དེ་བཞིན་དུ་ཐར་པར་འགྱུར་རོ།། དེ་ལ་རྒྱལ་པོའི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། ཆོམ་རྐུན་གྱི་འཇིགས་པ
512a5 མི་འབྱུང་ངོ་།། མེའི་འཇིགས་པ་མི་འབྱུང་ངོ་།། ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། དེའི་ལུས་ལ་དུག་གིས་མི་ཚུགས་ཏེ། མཚོན་གྱིས་ཀྱང་མ་ཡིན་ནོ།། བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་རོ།། །
512a6 བདེ་བ་དང་། གནོད་པ་མེད་པ་དང་། འཇིགས་པ་མེད་པར་འགྱུར་རོ།། ཕྱིར་རྒོལ་བ་བཅོམ་པ་དང་། དགྲ་ཚོམས་པར་འགྱུར་རོ།། སྨས་པ་མེད་པར་འགྱུར་རོ།། འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་རོ།། བདེ་བར།
512a7 ཡུན་རིང་དུ་འཚོ་བར་འགྱུར་ཏེ། ཀུན་དགའ་བོ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ།། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཧ་ཅང་ཆར་ཆེ་བ་འམ། ཆར་དཀོན་པའི་ཚེ་བཀླག་པར་བྱའོ།།
iiif viewer powered by OpenSeadragon
511b - 512b