e-texts navigator
Collection
Volume
Page
Wylie

511a1 ཚིལ་ཟ་བ་རྣམས་དང་། ཟས་སུ་དང་ཟ་བ་རྣམས་དང་། ཟས་སུ་བཅས་པ་ཟ་བ་རྣམས་དང་། ཟས་སུ་འཕྲེང་བ་ཟ་བ་རྣམས་དང་། ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟླ་བ་ན།
511a2 དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང་གཟས་སུ་རླག་འཐུང་བ་རྣམས་དང་། ཟས་སུ་ཕྱིས་ཟ་བ་རྣམས་དང་། ཟས་སུ་གཅིན
511a3 འཐུང་བ་རྣམས་དང་། ཟས་སུ་མཆིལ་མ་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང་། ཟས་སུ་མི
511a4 གཙང་བ་ཟ་བ་རྣམས་དང་། ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་རྣམས་ཀྱིས་འགལ་བར་བྱ་བ་མ་ཡིན་ནོ།། ག་ཤེད་བྱེད་དང་། སྦྱར་བའི་ལས་དང་། བྱད་དང་། གཡེང་བྱེད་དང་། རོ་ལངས་དང་།
511a5 སེམས་བསྒྱུར་བ་དང་། རྦོད་གཏོང་། བཟའ་ཉེས་དང་། སྐྱུག་ཉེས་དང་། གནོད་སྒྲིབ་དང་། གནོད་བལྟོས་དང་། བྲི་ཉེས་དང་། སྒོམ་ཉེས་དང་། སྨད་པ་རྣམས་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ།། རིམས།།
511a6 ཉིན་གཅིག་པ་དང་། ཉིད་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་། ཉིད་བདུན་པ་དང་། ཟླ་བ་ཕྱེད་པ་དང་། ཟླ་བ་གཅིག་པ་དང་། ཉི་མ་ཕྱེད་པ་དང་། ཉིན་མོ་པ་དང་། ཡུད་ཙམ་པ་དང་། རྟག་པའི།
511a7 རིམས་དང་། རིམས་དྲག་པོ་དང་། འབྱུང་པོའི་རིམས་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པས་འགལ་བར་བྱ་བ་མ་ཡིན་པའོ།། རིམས




iiif viewer powered by OpenSeadragon

510b - 511b

Texts on this page

Ty067-007 - rig sngags kyi rgyal mo rma bya chen mo