| | e-texts navigator
|
467b1 བུའི་ཚེགས་རྣམས་དང་། སེམས་ཅན་བྱེ་བ་ཁྲི་ཕྲག་བརྒྱད་སྟོང་དུ་མ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན
467b2 བེ་དང་། གྲུབ་པ་དང་། རིག་འཛིན་དང་། དྲང་སྲོང་མཆོག་དམ་པ་དུ་མ་དང་། འཇམ་དཔལ་གནོན་ནུར་གྱུར་པ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། བྱམས་པ་དང་། མཐུ་ཆེན་ཐོབ་དང་།
467b3 མཐུ་ཆེན་གནས་དང་། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། འཇིག་རྟེན་གྱི་ཁམས་གྲངས་མེད་པ་དང་། ཆོས་ཀྱི་དབྱིངས་མཐའ་ཡས་པར་བཞུགས
467b4 པའི་སངས་རྒྱས་བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ཀྱི་འཁོར་དང་བཅས་པ་དང་། སངས་རྒྱས་བཅོམ་ལྡན་འདས་ནམ་མཁའི་ངོ་བོ་དང་འདྲ་བར་བཞུགས་པའི་སངས་རྒྱས་དང་། བྱང
467b5 ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམས་ཐུགས་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པ་བསྟོད་དོ།། འཕགས་པ་འཇམ་དཔལ་གྱི་རྩ་བའི་རྒྱུད
467b6 རྫོགས་སོ།། ། དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀས། རྒྱ་གར་གྱི་མཁན་པོ་དགེ་བསྙེན་ཆེན་པོ་ཀུ་མྦ་ར་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙ་བ་དགེ་སློང
467b7 ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ནུས་ཏེ་གཏན་ལ་ཕབ་པའོ།། རྒྱ་གར་སྐད་དུ། སིདྡྷི་ཨེ་ཀ་ཝཱ་རེ་མཧཱ་ཏནྡ་རཱ་ཛ་ནཱ་མ། བོད་སྐད་དུ། དཔའ
iiif viewer powered by OpenSeadragon
467a - 468a