e-texts navigator
Collection
Volume
Page
Wylie

323b1 ཞེས་བྱ་བར་ཟུང་ཞིག། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཞིག། ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་ཞིང་རེ་བ་ཐམས་ཅད་ཡོངས་སུ་སྟོང་།
323b2 ཞེས་བྱ་བར་ཡང་ཟུང་ཞིག། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ཀྱིས་དམ་བཅས་པ་ཞེས་བྱ་བར་ཡང་ཟུང་ཞིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ
323b3 གཞོན་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐམས་ཅད་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པ
323b4 འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། འཕགས་པ་བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུཪྻའི་འོད་ཀྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས
323b5 བྱ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞུ་ཆེན་གྱི་ལོ་ཙ་བེ་བན་དྷེ་ཡེ་ཤེས་སྡེ་ལ་སོགས་པས་ཞུས་ཤིང
323b6 བཻ་སྦྱར་ཏེ།། སྐ་གས་རབ་ཅད་ཀྱིས་ཀྱང་བཅས་ཤིང་གཏན་ལ་ཕབ་པའོ།། རྒྱ་ཀ་སྐད་དུ། ཨདྱ་ཐཱག་ཏ་ནྱདྷ་མ་སྣ་རྣམ
323b7 བྷ་ན~ཾ་ས་མཱ་དྷི་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་བཻ་ཌཱུརྦའི་འོད་ཅེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བྱས




iiif viewer powered by OpenSeadragon

323a - 324a

Texts on this page

Ty065-009 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo
Ty065-010 - 'phags pa de bzhin gshegs pa'i ting nge 'dzin gyi stobs bskyed pa bai DUrya'i 'od ces bya ba'i gzungs