e-texts navigator
Collection
Volume
Page
Wylie

323a1 བྱེ་བྲག་ཏུ་ནི་གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། དགོན་པའི་གནས་གང་ན་མདོ་སྡེ་འདི་སྤྱོད་པ་དང་། གང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ།
323a2 སྨན་གྱི་བློ་བཻ་ཌཱུཪྻའི་འོད་དེའི་མཚན་འཆང་བ་དང་། མཆོད་པ་དང་། རིམ་གྲོ་བགྱིད་པའི་སེམས་ཅན་དེ་དག་ལ་བདག་ཅག་གིས་བསྲུང་བར་བགྱི། ཡོངས་སུ་བསྐྱང་བར་བགྱི། གནོད་པ་ཐམས་ཅད།
323a3 ལས་ཡོངས་སུ་ཐར་བར་བགྱི། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་ཕྱིན
323a4 ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དག་གང་གི་ཕྱིར་ཁྱེད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུཪྻའི་འོད་དེ་ལ་བྱས་པ་གཟོ་ཞིང་རྗེས་སུ་དྲན་ལ། སེམས་ཅན་ཐམས་ཅད་ལ་ཕན
323a5 པའི་ཕྱིར་ཞུགས་པ་ལེགས་སོ་ལེགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ
323a6 ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང
323a7 བཻར་གྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་ཐ་འི་ཕྱི་ཆོས་ཀྱི་རྣམ་གྲངས་འདིདེ་བཞིན་གཤེགས་པ་སྲན་གྱི་ཟླ་བརྒྱནའི་འདི་ཀྱི་སྔོར་གྱི་སྔོན་ལམ་གྱི་ཁྱད་པར་རྒྱ་།




iiif viewer powered by OpenSeadragon

322b - 323b

Texts on this page

Ty065-009 - 'phags pa bcom ldan 'das sman gyi bla bai DUrya'i 'od kyi sngon gyi smon lam gyi khyad par rgyas pa zhes bya ba theg pa chen po'i mdo