| | e-texts navigator
|
263b1 པ་བ་ཤད།། ཀུན་ཏུ་རས་གཙང་གོས་སྔོན་བྱིན་གྱིས་བརླབ་ཞིང་།། བྲམ་ཟེའི་རིགས་ལྟར་དྲི་ཅན་ཟས་དང་འགྲོ་མགྱོགས་ཤ་ལས་རིང་དུ་འདུག། སྨྱུང་བར་གནས་ཤིང་ཆུས་བཀྲུས་དཀར་གསུམ།
263b2 གཙང་མའི་ཟས་ཟ་ཞིང་།། ངག་གི་དྲུང་བསྡམས་དང་དང་སྙིང་རྗེས་ཡིད་བརླན་བརྩོན་པར་འཇུག། བསམ་གཏན་ཁང་པ་མདོག་ནི་སྔོ་བསྒྱུར་བ་པོ་ལྡི་བདྲི་ཞིམ་ཆུ་འི་ས་བྱུགས།། དཀར
263b3 དང་སྔོ་བའི་མེ་ཏོག་བཀྲམ་ལ་སྐུ་གདུང་བླ་མ་མདུན་བཞག་ལ།། ཆོ་རིགས་བཙུན་པའི་སྒྲུབ་པ་པོས་ནི་གོས་དཀར་བགོས་ལ་ཀུ་ཤའི་སྟན་ལ་འདུག་སྙིང་རྗེས་ཁྲོས་པའི་རིག་སྔགས
263b4 དམ་པ་མཛེས་པར་བཟླས་པ་བྱ།། རུ་རག་ཤ་ཡི་བགྲང་འཕྲེང་བརྒྱ་ཕྱེད་བྱིན་གྱིས་བརླབས་ལ་ལག་པ་གཡས་པས་གཟུང་།། རིལ་བུ་རེ་དང་ལྷ་རེ་སྔགས་རེ་བཅས་ནས་སྙིང་ཁར
263b5 གཟུང་།། རྣལ་འབྱོར་འདི་རྣམས་སྤྱད་ཅིང་འགྲོ་ལ་འཇུངས་པའི་སེམས་ལྡན་པས།། བདག་དང་གཞན་ལ་ཕན་ཕྱིན་རྟོག་པ་བཤད་པ་ཡིན།། རྡོ་རྗེས་འོག་ཏུ་རྒྱུ་བ་ལས་རྟོག་པ
263b6 བཞི་པའོ།། ། དབྱར་ཁ་སྐྱེས་པའི་རྩ་དང་ནགས་ཚལ་ལས་བྱུང་མེ་མཆེད་ལྟར།། རླུང་གི་གྲོགས་བྱས་བསྲེགས་ནས་ཐལ་བའི་ལྷག་མའང་མ་ལུས་བཞིན།
263b7 བསྐལ་པ་དཔག་མེད་སྐྱེས་པའི་རྟོག་པའི་དྲི་མའི་རྨ་རྣམས་ལ།། སྲུང་བ་དང་དང་བརྩོན་འགྲུས་སྔགས་བཟླས་སེམས་དག་མེ་ཡིས་སྲེག། ཉི་མའི་སྙིང་པོ་འཛམ་གླིང་དབུས་སུ་རིགས
iiif viewer powered by OpenSeadragon
263a - 264a