| | e-texts navigator
|
262b1 སྟོང་སྟེར་བར་འགྱུར་རོ།། རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ།། སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ།། འཇིགས་པ་ཐམས་ཅད་བསྲུང་བ་ལ་ནི་མར་རྙིང་པ་འམ།
262b2 ཐལ་བ་འམ། ཡུངས་ཀར་གྱིས་བྱའོ།། ནད་ཀྱིས་འཇིགས་པ་ཐམས་ཅད་ལ་ནི་སྐུད་པ་སྔོན་པོ་ལ་སྲུང་བའི་མདུད་པ་བྱས་ཏེ་མགུལ་དུ་བཏགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། བྱིས་པ
262b3 གདོན་གྱིས་ཉེན་པ་ལ་ནི་ཚོན་སྣ་ལྔའི་སྐུད་པ་མགུལ་དུ་བརྟགས་ན་སྲུང་བའི་མཆོག་ཏུ་འགྱུར་རོ།། ཆོམ་རྐུན་བཟློག་པར་འདོད་ན་ས་ས་བྱའོ།། དུག་ལ་ནི་རྩཝ་ཀུ་ཤས་བྱེབ་པར་བྱའོ།།
262b4 བདག་སྲུང་བ་ལ་ནི་ཡིད་ཀྱིས་སས་ཆུས་བྱའོ།། གཞན་སྲུང་བ་ལ་ནི་སྐུད་པ་སྔོན་པོས་བྱའོ།། ལས་དེ་དག་ཐམས་ཅད་ལ་སྔགས་བརྗོད་པ་ནི་ལན་གསུམ་མམ། བདུན་ནམ། @
262b5 བཞི་འམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་པར་བྱའོ།། དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ།། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་གསུམ་པའོ།། །
262b6 རྟོག་པ་འདི་དག་དབང་བྱེད་པ།། ལག་ན་རྡོ་རྗེ་ཁྲོས་པ་ལས།། བདུད་རྩི་འཁྱིལ་བའི་རྣལ་འབྱོར་གྱིས།། བྲན་གཡོག་རྣམས་ནི་བསྐུལ་བར་བྱ།། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུཾ་ཕཊ།
262b7 འདི་ནི་བཀའ་ཙམ་ངེས་པ་སྤགས་ཅིང་།། བཻ་ཡིག་སུམ་ཅུ་རྩ་གཉིས་བརྗོད།། སྙིང་ཁའི་འོད་ཀྱིས་དབང་བྱ་ཞིང་།། གུ་གུལ་དུད་པས་དྲོད་བྱས་ལ།། སེར་སྣ་ཆེན་པོ་སེང་གེ་ལ་ཞོན་པ་དང་།། །
iiif viewer powered by OpenSeadragon
262a - 263a