e-texts navigator
Collection
Volume
Page
Wylie

260a1 དུག་སོགས་གཟའ།། རྡོ་རྗེ་ས་འོག་ཏུ་རྒྱུ་བ་ལས་རྟོག་པ་དང་པོའོ།། །། དེ་ནས་སྤྱན་སོགས་སྐྱེ་མཆེད་ལ།། ཧཱུཾ་བྱུང་ཁྲོ་བོ་བསྒོམ་པར་བྱ།།
260a2 སྐུ་སོགས་གསུམ་ལ་རྡོ་རྗེ་གསུམ།། སྒོམ་པ་འདི་ནི་དབང་བྱེད་པའོ།། དང་པོ་ཞི་བས་ཞི་བར་བྱ།། ཀླུ་ལ་སོགས་པའི་གཟུགས་བྱས་ལ།། རང་སྙིང་འོད་ཀྱིས་བཀུག་ལ་བསྟིམ།། མཆོད་སྦྱིན
260a3 བྱ་བ་སྙིང་རྗེས་སྦྱིན།། འཇོག་པོ་དང་ནི་རིགས་ལྡན་དང་།། མཐའ་ཡས་ནོར་རྒྱས་པདྨ་དང་།། པད་ཆེན་དུང་སྐྱོང་སྟོབས་ཀྱི་རྒྱུ།། དུག་རྣམས་སྙིང་རྗེའི་སྦྱོར་བ་ས་སྦྱངས།། ནག་པོ་དཀར་པོ
260a4 སྔོན་པོ་དང་།། རང་གི་གནས་སུ་སྦྱར་བར་བྱ།། ཡང་ན་ཞི་བའི་ཐབ་ཁུང་དུ།། ཀླུ་ཡི་སྡིག་པ་ཞི་བར་བྱ།། ཤིན་ཏུ་གནག་པའི་རིགས་དེ་ལ།། མངར་གསུམ་ཆུ་ཡིས་གསོ་བར་བྱ།། གང་།
260a5 ཞིག་སྡིག་ཅན་ཞི་མི་འདུལ།། གཉིས་ཀྱི་སྦྱོར་བའི་རྒྱུན་གཅོད་བྱ།། ཁྲག་དང་དུག་སོགས་རྫས་དག་ལ།། རིག་པ་བཟློག་པས་བསྒྲུབས་ནས་ནི།། ཤིན་ཏུ་ཁྲོས་པའི་ཁྲོ་བོ་ཡིས།།
260a6 དགུག་དང་གཞུག་དང་མྱོས་གསད་དང་།། ཆོ་གས་གདུག་པ་དབང་བྱས་ལ།། སྲེག་པ་ལ་སོགས་ལ་བྱའོ།། བརྒྱད་དང་བཅུ་བཞིའི་དུས་ཀྱི་ཚེ།། སྐྱེ་རེངས་ཤར་དང་དམར་རེངས་ཆ།། ཉིན་།
260a7 མཚན་ཟད་པའི་དུས་ཀྱི་ཚེ།། སྐྲ་བཀྲོལ་བཅུད་འཛག་གཅེར་བུ་ནི།། བྱོལ་སོང་གནས་སུ་ཁྲག་སྐྱུག་གོ།། ལུས་དབུས་མེ་འབར་བསྒྲུབ་བྱ་དེ།། ཁྲོ་བོའི་སྤུའི་ཡི་བུ་ག་ལས།། སྤྲོས་པའི་ཁྲོ་བོ




iiif viewer powered by OpenSeadragon

259b - 260b

Texts on this page

Ty065-005 - rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po