e-texts navigator
Collection
Volume
Page
Wylie

259b1 མ། རང་ག་འདུས་འདའི་འང་ཐོས་ནས། སེམསས་དྲིས་རྣམ་པསཔ་ཏེ། རྫུ་གྱུར་ཀྱང་པོ་བསྒྲུབ་། རྫུཡ་ན་སྟོན་པར་གྱུར། སྔོན་པཞིན་སྟོད་འདུ་བྱས་ལ།
259b2 མདོག་སྔོན་པོ་ཆེར་འབར་བ།། རབ་ཏུ་དྲེགས་པས་ཟོས་པའོ།། རི་བོང་འཛིན་པའི་སྟོང་དུར། བདེ་བར་གཡོན་བརྐྱང་གར་གྱིས་བཞུགས། བརྒྱད་གཉིས་ལོན་པའི་ཉམས་ཚུལ་ཅད།
259b3 དྲག་ཅིང་ཁྲོས་པའི་རོ་དང་ལྡན།། ཟང་འགྲོ་བརྒྱད་པོས་སྐུལ་བརྒྱན།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། རང་གིས་རྡོ་རྗེ་བསྡམས་པ་དེ།། བསྣུན་པའི་ཚུལ་དུ་འཛིན་པ་དང་།། གསོན
259b4 བ་བསྡིགས་པའི་མཛུབ་མོ་ཅན།། ན་བཟའ་སྔོན་པོའི་ཤམ་ཐབས་འཛིན།། སྤྱན་མིག་དམར་ཞིང་མཆེ་བ་གཙིགས།། དབུ་སྣ་ཉི་མའི་འོད་འདྲ་བ།། སྟེང་དུ་བཅིངས་དབུས་ཅོད་པན
259b5 ལྡན།། ཞལ་ནས་ཧ་ཧའི་གང་རྒྱངས་ལྡན།། ཁྲོ་བའི་བདག་པོ་འཇིགས་པར་བྱེད།། ལོག་འདྲེན་ལ་སོགས་འཇོམས་མཛད་པ།། དེ་འདྲར་བདག་ཉིད་རབ་བསྒོམས་ལ།། དེ་ནས་བདག
259b6 ཉིད་སྙོམས་འཇུག་པ།། དེ་ཡི་སྙིང་ཁར་ཉི་མ་ལ།། རང་གི་ཆོས་ཀྱི་ཡི་གེ་ལས།། ཁྲོས་པས་ཡང་ཡང་སྤྲོས་མཛད་ཅིང་།། དེ་དང་ལྷན་ཅིག་བསྒོ་བར་བྱ།། སྔགས་དང་ཕྱག་རྒྱ་བཅས་པ
259b7 ཡིས།། དེ་བཞིན་དུ་ཡང་དབང་བླང་ཞིང་།། རྡོ་རྗེ་ཧཱུཾ་མཛད་ཏིང་འཛིན་གནས།། གདུག་པའི་སེམས་ཅན་འཛིན་བྱེད་ཅིང་།། འོད་ཟེར་འབྱུང་བ་སྣ་ཚོགས་ཀྱིས།། རིམས་དང་གདོན་དང




iiif viewer powered by OpenSeadragon

259a - 260a

Texts on this page

Ty065-005 - rdo rje sa gsum du rgyu ba zhes bya ba'i rtog pa'i rgyal po