e-texts navigator
Collection
Volume
Page
Wylie

235b1 བུ་སྟོང་སྦྱར་སྲེག་བྱས་ན་རྒྱལ་པོ་ཆེན་པའི་མདུན་ན་འདོན་དུ་འགྱུར་རོ།། མྱ་ངན་འཆང་གི་ལམ་སྲེག་ཤིང་འབུམ་སྦྱིན་སྲེག་བྱས་དགང་པ་བཞི་པ་ཐམས་ཅད་དབང་དུ་འགྱུར་རོ།། སྔ་པའི་མེཏོག
235b2 འབུམ་སྦྱིན་སྲེག་བྱས་ན་རྒྱལ་པོའི་ཕོ་བྲང་འཁོར་དུ་ཚིག་གཟུང་བར་འོས་པར་འགྱུར་རོ།། སྔ་མའི་མེ་ཏོག་འབུམ་སྦྱིན་སྲེག་བྱས་དབུད་མེད་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ།། སྐེ་ཚེའི་སྡོང
235b3 བུའི་ཡམ་སྲེག་ཤིང་སྦྲང་རྩི་ལ་བསྩགས་པ་བརྒྱ་སྦྱིན་སྲེག་བྱས་ན་གདོན་ཐམས་ཅད་དེ་ལ་ཞི་བར་བྱེད་པར་འགྱུར་རོ།། འབྲས་ཀྱི་འོ་ཐུག་དང་སྦྲང་རྩི་འབབ་ཆུའི་ནང་དུ་གཏོར་ན་ཀླུ་མོ་ཐམས་ཅད
235b4 དེའི་དབང་དུ་འགྱུར་ཏེ་རང་གི་གནས་སུའང་འཁྲོད་པར་བྱེད་དོ།། ལོག་འདྲེན་སྒྲུབ་པར་འདོད་ན་ཨ་དྷི་མུགྣ་ཀའི་མེ་ཏོག་འབུམ་གཏོར་ལོག་འདྲེན་ཐམས་ཅད་དངོས་གྲུབ་སྦྱིན་པར་བྱེད་དོ།།
235b5 ཨ་ཤྭད་ཐའི་ལོམ་སྦྲང་རྩི་ལ་བསྐྱུགས་ཏེ་བརྒྱ་སྟོང་སྦྱིན་སྲེག་བྱས་ན་གནོད་སྦྱིན་མ་ཐམས་ཅད་སྔགས་པ་དེ་ལ་ཉིན་གཅིག་བཞིན་དུ་སྒོ་སྣོད་གང་བ་ཅི་འདོད་པ་འབུལ་ལོ།། རྨ་བྱའི་སྒྲོ་བརྒྱད
235b6 སྦྱིན་སྲེག་བྱས་ན་བདུད་ཀྱི་གདོན་ཐམས་ཅད་བསལ་བར་འགྱུར་རོ།། ཨ་ཀ་རུ་ས་མརྡ་ནན། ཨསྟ་ཧ་སྲན་ཛུ་སྱ་ཡཱང་རཱ་ཛཱ་བ་ཤོ་བྷ་བ་ཏི། པྲི་ཡང་ཁུ་བའི་ལམ་སྲེག་ཤིང་གིས་ནི། མཿ
235b7 ཛཱི་གྲམ་ཧི་ཤོ་བ་ཤོ་དྷ་བ་ཏི། ཨ་ཀ་རུའི་ལམ་སྲེག་ཤིང་གཽ་མེ་བུས་ལ་ཏིལ་འབྲུ་ཁྲི་སྦྱིར་སྲེག་བྱས་ན་ཡུལ་དབང་དུ་འགྱུར་རོ།། ཤིང་འོ་མ་ཅན་གྱི་མབུས་ལ་ཏིལ་འབྲུ་འབུབ་སྦྱིན་སྲེག་བྱས།




iiif viewer powered by OpenSeadragon

235a - 236a

Texts on this page

Ty065-001 - 'phags pa lag na rdo rje dbang bskur ba'i rgyud chen po