e-texts navigator
Collection
Volume
Page
Wylie

234b1 ཐམས་ཅད་དབང་དུ་འགྱུར་ཏེཅི་འདོད་པ་བྱེད་དོ།། རང་གི་ཟག་གིས་དཀྱིལ་འཁོར་བསྡུས་ཏེ་ཟླ་བ་གཅིག་བཟླས་བརྗོད་བྱས་ནམཁའ་འགྲོམ་ཐམས་ཅད་དབང་དུ་འགྱུར་ཏེ་ན་འདོད་པ་བྱེད་དོ།།
234b2 དག་དཀར་པོ་འབུམ་སྦྱིན་སྲེག་བྱས་ན་མ་མ་ཐམས་ཅད་འགྲུབ་པར་འགྱུར་ཏེ། དེ་དག་ཅི་འདོད་པ་དེ་ཐམས་ཅད་སྒྲུབ་བོ།། འབྲས་ཀྱི་འཇུ་སྲུང་སྦྱིན་སྲེག་བྱས་ན་ཉོན་གཅིག་བཞིན་སྟོང་གང་བནི
234b3 པར་འགྱུར་རོ།། སྒེའུ་གཤེར་གྱི་རྩ་བ་སྦྱིན་སྲེག་བྱས་ན་ཉིན་གཅིག་བཞིན་ཀར་ཤ་པ་ཎ་བཞི་བཞི་རྙེད་པར་འགྱུར་རོ།། ཨ་བ་མརྒའི་སྙིང་པོ་ཁྲི་སྦྱིན་སྲེག་བྱས་ན་ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བར
234b4 འགྱུར་རོ།། ན་ལེ་ཤམ་གྱི་འབྲུ་བརྒྱད་སྟོང་སྦྱིན་སྲེག་བྱས་ལ་ཐལ་བ་བླངས་ཏེ་ཐིག་ལེ་བྱས་ལ་མོན་སྲན་སྡེའུ་ལ་སོགས་པའི་ཕུང་པོའི་ནང་དུ་གཏོར་ན་དེ་མི་ཟད་པར་འགྱུར་རོ།། ཅི་སྟེ་འཇམ་དཔལ
234b5 སྒྲུབ་པར་འདོད་ན་ཨ་ཀ་རུ་དང་བསྲེས་པའི་གའུ་ཝང་གིས་དཀྱིལ་འཁོར་བསྐུས་ལ་དེར་གཟུགས་བཞག་སྟེ། ཟླ་བ་གཅིག་བཟླས་བརྗོད་བྱས་ན་བདག་ཉིད་ཀྱིས་འཇམ་དཔལ་མཐོང་བར་འགྱུར་ཏེ།
234b6 དེས་ཆོས་སྟོན་ཏོ།། དེ་ཐོས་ནས་ཐོས་པ་འཛིན་པར་འགྱུར་རོ།། རིག་སྔགས་འཆང་ཉིད་ཀྱང་ཐོབ་པར་འགྱུར་རོ།། དེ་ཇི་སྲིད་འདོད་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་དོ།། པདྨ་དཀར་པོ
234b7 སྟོང་ཕུལ་ན་དེ་ལ་འཇབ་དཔལ་འགྲུབ་པར་འགྱུར་ཏེ་རྒྱལ་སྲིད་དམ། ས་འོག་ཏུ་འཇུག་པ་འམ། མི་སྣང་བར་བྱ་བ་འམ། ཐོས་པ་འཛིན་པ་འམ། སྨན་བཅུད་ཀྱི་སོ་ལེན་ཡང་རུང་སྟེ། དས་པ།




iiif viewer powered by OpenSeadragon

234a - 235a

Texts on this page

Ty065-001 - 'phags pa lag na rdo rje dbang bskur ba'i rgyud chen po