e-texts navigator
Collection
Volume
Page
Wylie

233a1 #བ་རུ་རའི་མེ་ཏོག་བརྒྱད་སྟོང་སྦྱིན་སྲེག་བྱས་ན་དུས་མ་ཡིན་པར་འཆི་བ་མེད་པར་འགྱུར་རོ།། དཔལ་གྱིས་ཟིན་པར་འགྱུར་རོ།། ཨ་དྷི་རུག་ཏ་ཀ་ཁམ་བྱེ་བརྫི་སྦྱིན་སྲེག་བྱས།
233a2 ན། གང་གི་ཆེད་དུ་བྱས་པ་དེ་གདོན་གང་གིས་ཟིན་པར་གྱུར་པ་དེ་ལ་བལྟས་པ་ཙམ་གྱིས་གཏོང་བར་འགྱུར་རོ།། ཟླ་བ་སྤྱང་ཀིས་ཟིན་པའི་ཚེ་མར་ཟངས་ཀྱི་སྣོད་དུ་བཞག་སྟེ་དུ་བ་འཐུལ་གྱི་བར་དུ་བཟླས་བརྗོད
233a3 བྱས་ནས་དེ་འཐུངས་ན་ཐོས་པ་འཛིན་པར་འགྱུར་རོ།། ཅི་སྟེ་རྨ་བྱ་སྒྲུབ་པར་འདོད་ན་ཆུ་ངོགས་གཉིས་ཀ་ནས་ས་བླངས་ཏེ་ཙན་དན་དང་བསྲེས་ལ་རྨ་བྱའི་གཟུགས་བྱས་ཏེ། དེ་ནས་རྨ་བྱའི་རི་མོའི།།
233a4 སྐུ་གཟུགས་ཀྱི་མདུན་དུ་བཞག་ལ། རྨ་བྱའི་སྒྲ་འབྱིན་གྱི་བར་དུ་བཟླས་བརྗོད་བྱས་ན་དངོས་གྲུབ་ཏུ་འགྱུར་རོ།། ཅི་སྟེ་རྫས་སྒྲུབ་པར་འདོད་ན་ཀ་ར་ཝཱི་རའི་མེ་ཏོག་འབུམ་ཕུལ་ན་ཉིན་གཅིག་བཞིན་དི་ན་ར།
233a5 ལྔ་ལྔ་རྙེད་པར་འགྱུར་རོ།། མིད་པ་ནུབ་པ་ཙམ་གྱི་ཆུར་ཞུགས་ལ་འབུམ་བཟླས་བརྗོད་བྱས་ན་གཏེར་རྙེད་པར་འགྱུར་རོ།། སྔ་མའི་མེ་ཏོག་ཁ་བྱེ་བ་འབུམ་སྦྱིན་སྲེག་བྱས་ན་བུད་མེད་གང་འདོད་པ་དེ་རྙེད་པར་འགྱུར།
233a6 རོ། ཨ་དྷི་མུག་ཏ་ཀའི་མེ་ཏོག་ཁྲི་ཕུལ་ན་ལུས་ལ་ནང་ཅི་ཡོད་པ་ཐམས་ཅད་བྱབས་པས་མེད་པར་འགྱུར་ཞིང་ཕྱིས་མི་ལྡང་ངོ་།། ཚེ་རང་བར་ཡང་འགྱུར་རོ།། ལུས་ལ་སྐལ་བ་བཟང་པོ་འབྱུང་བར་འགྱུར
233a7 རོ།། ལོ་བརྒྱར་འཚོ་བར་འགྱུར་རོ།། ཅི་སྟེ་ཕ་རོལ་གྱི་དམག་གཞིག་པར་འདོད་ན་མཛུབ་མོ་ལ་ལན་འདུན་བསྔགས་ཏེ་བསྡིགས་ན་དམག་འབྲོས་པར་འགྱུར་རོ།། འཐབ་པར་འདོད་ན་འུག་པའི་སྒོ་འབུམ




iiif viewer powered by OpenSeadragon

232b - 233b

Texts on this page

Ty065-001 - 'phags pa lag na rdo rje dbang bskur ba'i rgyud chen po