e-texts navigator
Collection
Volume
Page
Wylie

49b1 བླངས་པས།། རྡོ་རྗེའི་ལས་ནི་བྱེད་པར་འགྱུར།། དེ་ནས་རབ་ཏུ་ཞུགས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བཛྲ།
49b2 དྷཱ་ར་སུ་ར་མ་ཧཱ་སུ་ཁེ་སརྦྦ་ཧ་ར་རྨ་པ་མ་ཏ་ཡ། སརྦྦ་ཏ་ཐ་ག་ཏ་ཛྙཱ་ན་མ་མུ་དྲཱ་པ་དཻཿཛཿཧཱུཾ་བཾ་ཧོཿདེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འཛིན་པ་དང་བཅས་པ་ཡང་དག་པར་བྱོན་པར་འགྱུར་རོ།། ཡིད་བདེ་བ་ལ་སོགས
49b3 པའི་མཚན་མ་འབྱུང་ངོ་།། ཆོ་འཕྲུལ་དུ་མ་དག་མཐོང་བ་ཡིན་ནོ།། དེ་ནས་ཆོ་ག་རྒྱས་པ་དང་། སྒྲུབ་པ་དང་། ཡིད་ཀྱི་འདོད་པའི་དངོས་གྲུབ་ཐམས་ཅད་དང་། དོན་ཡོད་པ་དང་། ཐོགས་པ་མེད་པར་མྱུར་དུ་དམ་པ
49b4 འགྲུབ་པ་ཡིན་ནོ།། དེ་བཞིན་དུ་བྱའོ།། དེ་ནས་མ་བསྒྲུབས་པར་ལན་ཅིག་བཟླས་པས་ལས་རྣམས་བྱེད་པར་འགྱུར་རོ།། ཐམས་ཅད་སྲུང་བ་ལ་ནི་རྡོ་རྗེ་གཙུག་ཏོར་གྱིས་སོ།། སེམས་ཅན་ཐམས་ཅད་དབང་དུ་བྱ་བ
49b5 ལ་ནི་རྡོ་རྗེ་མཛོད་སྤུས་སོ།། ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་ཆོས་ཉིད་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད་པས་སོ།། གདུག་པ་ཐམས་ཅད་འདུལ་བ་ལ་ནི་ཁྲོ།
49b6 བོས་སོ།། བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྱོད་པའི་ཕྱག་རྒྱས་སོ།། བདུད་ཐམས་ཅད་གཞོམ་པ་ལ་ནི་བདུད་ཐམས་ཅད་འཇོམས་པར་བྱེད་པས་སོ།། དེ་བཞིན་གཤེགས་པ་ཐམས་ཅད
49b7 ཉིད་དུ་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་ཆོ་ག་རྒྱས་པའོ།། ། དེ་ནས་བཅོམ་ལྡན་འདས་ད




iiif viewer powered by OpenSeadragon

49a - 50a

Texts on this page

Ty063-002 - dpal mchog dang po'i sngags kyi rtog pa'i dum bu zhes bya ba