| | e-texts navigator
|
48b1 སྒྲུབ་པ་ལ་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་སོ།། ལས་ཐམས་ཅད་སྒྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ།། དངོས་གྲུབ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་གྲུབ་པས་སོ།། ཕུན་སུམ་ཚོགས་པ།
48b2 ཐམས་ཅད་ལ་ནི་རྡོ་རྗེ་ལྷུང་བ་ལས་གདོན་པའི་ཕྱག་རྒྱས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ།། ཐམས་ཅད་ཀྱི་མཆོད་པ་བྱ་བ་ཉིད་ལ་ནི་རྡོ་རྗེ་གསང་བའི་གར་གྱིས་སོ།།
48b3 རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེས་སོ།། སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ལས་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ
48b4 དམ་པ་ལ་ནི་རྡོ་རྗེ་སེམས་དཔའ་གསང་བའི་མཆོག་གི་བདེ་བ་ཆེན་པོས་སོ།། རྡོ་རྗེ་འཛིན་པ་ཐམས་ཅད་དངོས་གྲུབ་དམ་པ་ལ་ནི་བདེ་བ་ཆེན་པོ་གསང་བའི་དམ་ཚིག་གི་ཕྱག་རྒྱས་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི།
48b5 རྟོག་པའི་རྒྱལ་པོ་ལས། རབ་ཏུ་དགའ་བའི་རྡོ་རྗེ་གསང་བའི་མཆོད་པའི་ཆོ་ག་རྒྱས་པའོ།། ། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིག་གི་སེམས་དཔའི་བྱིན་གྱིས་བརླབས་པ
48b6 གསང་བའི་ཆོས་ཅན་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱིས་རློབ་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན
48b7 ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་བོ།། བདེ་བ་ཆེན་པོ་རབ་གྲུབ་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། དེ་བཞིན་གཤེགས་པ་མཐའ་ཡས་ཉིད།། དམ་པའི་རིགས
iiif viewer powered by OpenSeadragon
48a - 49a